ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་བསོད་ནམས་ཚེ་རིང་ལ་རྒྱལ་ཡོངས་ཀྱི“གྲོང་གསེབ་དཔེ་ཀློག་འོས་སྦྱོར་མི་སྣ”ཞེས་པའི་མཚན་སྙན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ནས་ཚེས24ཉིན་བར་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་འོས་སྦྱོར་བྱས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ། འབྲོག་མི་རྩོམ་པ་པོ་བསོད་ནམས་ཚེ་རིང་རྒྱལ་ཡོངས་ཀྱི“གྲོང་གསེབ་དཔེ་ཀློག་མི་སྣ”ཞེས་པའི་མཚན་སྙན་ཐོབ།

གསེར་དངུལ་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་ཕུལ་བྱུང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། བསོད་ནམས་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་གྱི་རིག་གནས་འཛུགས་སྐྱོང་ལ་སེམས་ཁུར་བྱེད་ཀྱིན་ཡོད་ལ། གསར་རྩོམ་བྱས་པ་དང་ཞོར་དུ་ཁོང་གིས་གྲོང་གསེབ་ཀྱི་དཔེ་ཀློག་ཁྱབ་གདལ་ལས་དོན་ནང་ཧུར་ཐག་སྒོས་ཞུགས་ནས། རང་ཉིད་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་མང་ཚོགས་དེ་ལས་མང་པོ་ཞིག་སྣེ་ཁྲིད་དེ་དཔེ་ཀློག་བྱེད་སྒོ་སྣ་ཚོགས་ནང་ཞུགས་པ་དང་། མཐོ་སྒང་གི་བོད་འབྲེལ་ཤང་གྲོང་གི་དཔེ་ཀློག་གི་རླབས་རྒྱུན་དེ་ལས་ཆེ་བ་དང་དཔེ་ཀློག་གི་རྣམ་པ་དེ་ལས་ཆེ་བ་ཞིག་རིམ་གྱིེ་ཆགས། མང་ཚོགས་དེ་ལས་མང་པོ་ཞིག་དཔེ་ཀློག་ནང་ཞུགས་ཐུབ་པ་དང་དཔེ་ཀློག་ལ་དགའ་ཞེན་ཆེ་རུ་འགྲོ་བའི་ཆེད། བསོད་ནམས་ཚེ་རིང་གིས་རང་འགུལ་ངང་དེའི་དྲུག་སྡེ་བའི་ཞིང་པའི་དཔེ་ཁང་དོ་དམ་པར་གྱུར་པ་མ་ཟད། སྡེ་བའི་ཏང་ཀྲི་པུའུ་ཡི་རྒྱབ་སྐྱོར་འོག་ཞིང་པའི་དཔེ་ཁང་ལ་བསྒྱུར་བཀོད་ནན་མོ་བྱས་པ་དང་བསྒྱུར་བཀོད་བྱས་རྗེས་ཀྱི་དཔེ་ཁང་དང་། དཔེ་སྒྲོམ་དང་སྒྲོག་ཙེ་དང་རྐུབ་སྟེགས་སོགས་ཀྱི་སྒྲིག་ཆས་ཚང་མ་འཛོམས་པས། དཔེ་དེབ་ཉར་ཚགས་ཀྱི་རིགས་དང་དཔེ་ཀློག་ཁོར་ཡུག་ཇེ་ལེགས་སུ་སོང་ནས་འབྲོག་པ་མང་ཚོགས་སྡེ་བ་ནས་ཕྱིར་འགྲོ་མི་དགོས་པར་དཔེ་དེབ་སྤུས་ལེགས་དེ་ལས་མང་པོ་ཀློག་པར་མངོན་འགྱུར་བྱུང་བ་དང་དུས་མཚུངས་སུ། མང་ཚོགས་ཀྱི་དཔེ་ཀློག་གི་སྤྲོ་བ་སྐུལ་སློང་གང་ལེགས་བྱ་ཆེད། ཁོང་གིས་ཏེ་དེའུ་དྲུག་སྡེ་བའི་ཞིང་པའི་དཔེ་ཁང་གཞི་རྟེན་དུ་བྱས་ཏེ་གཞོན་ནུ་ཀློག་པ་པོ་དང་སློབ་གྲྭ་འབྲིང་ཆུང་སློབ་མ་རྩ་འཛུགས་བྱས་ནས་དཔེ་གྲོགས་ཚོགས་འདུ་དང་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་སོགས་རྣམ་པ་མང་པོའི་དཔེ་ཀློག་བྱེད་སྒོ་སྤེལ་བ་དང་། དཔེ་ཀློག་ལ་དགའ་ཞེན་ཆེ་བའི་མང་ཚོགས་རྣམས་སྤེལ་རེས་མཉམ་སྤྱོད་ཀྱི་སྟེགས་བུ་བསྐྲུན་ཏེ། ཁོང་ཚོས་དཔེ་ཀློག་བྱས་ཏེ་བསམ་བློ་གཏོང་བ་དང་དཔེ་ཀློག་ལས་གྲུབ་འབྲས་ཐོབ་པ་བཅས་བྱས་པ་བརྒྱུད། དཔེ་ཀློག་ལ་དགའ་ཞེན་ཆེ་བ་དང་། དཔེ་ཀློག་ཡག་པོ་བྱེད་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གསར་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།