ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྡུལ་ཕྲན་གྲོང་རིག་གནས་གསར་གཏོད་ལྟེ་གནས་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ངང་གཏིང་ཟབ་གཏོང་བར་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་དུ་གནས་པའི་ཀྲུང་གོའི་རྡུལ་ཕྲན་གྲོང་ཁྱེར་རིག་གནས་གསར་གཏོད་ལྟེ་གནས་དེ་སྤྱི་དམངས་ལ་དངོས་སུ་སྒོ་ཕྱེས།  

རིག་གནས་གསར་གཏོད་ལྟེ་གནས་ཀྱིས་རྡུལ་ཕྲན་གྲོང་ཁྱེར་བཙུགས་པའི་ལོ་རྒྱུས་གཙོ་ཐིག་ཏུ་བཟུང་ཞིང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་བརྗོད་དོན་བྱས་པ། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དམིགས་ཡུལ་དུ་བཟུང་སྟེ་ད་ཡོད་ཀྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་དྲ་ཐོག་དང་ཡུལ་དངོས་གཉིས་སུ་ཕྱིར་ཚོང་བྱས་པ་དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་།ཚན་རིག་ཁྱབ་གདལ་གྱི་སློབ་གསོ། རྒྱལ་སྲུང་སློབ་གསོ། རིག་གནས་ཁྱབ་སྤེལ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་གསར་གཏོད་ཀྱི་ལྟེ་གནས་ཤིག་རེད། 

ཀྲུང་གོའི་རྡུལ་ཕྲན་གྲོང་གིས་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་དང་ཐུན་མིན་ཁྱད་འཕགས་ཀྱི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་རིག་གནས་གསར་གཏོད་ཐོན་ལས་ལ་གསར་རྩོམ་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་པ་དང་།  རྡུལ་ཕྲན་གྲོང་རིག་གནས་གསར་གཏོད་ལྟེ་གནས་ཀྱིས་རྡུལ་ཕྲན་གྲོང་གི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ཆེད་ལས་གཉེར་སྐྱོང་ཚོགས་པ་དང་ཐོན་ལས་ཐོན་ཁུངས་བཟང་པོ་ལ་བརྟེན་ནས་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་དང་། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཇེ་ལེགས་སུ་གཏོང་བ། མི་རིགས་རིག་གནས་འགྲེམས་སྟོན་སྤེལ་རེས། ཞིབ་འཇུག་སློབ་སྦྱོང་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱུང་།  མིག་སྔའི་བར། IPགྲུབ་ཆའི་དབང་ཆ་སྤྲོད་པ་དང་ཕྱོགས་གསུམ་པའི་མཉམ་ལས་གཉེར་སྐྱོང་རྣམ་པ་སྤྱད་དེ“སྲས་མོ་ཆིའུ་ཡི་གསང་གཏམ”བརྗོད་དོན་ཡིན་པའི་ཁོ་ཧྥེ་དང་འཁྱགས་ཞོ་སོགས་གསར་གཏོད་བྱས་ཤིང་། དཔེ་དབྱིབས་དང་ཡིག་ཆས། དཔེ་དེབ། འཚོ་བའི་མཁོ་ཆས་སོགས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རིགས10དང150ལྷག་གསར་སྤེལ་བྱས་པས་རྒྱ་ཆེའི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་སྟེ། མཚོ་བྱང་དྲིལ་བསྒྲགས་བྱེད་པའི་གཞི་རྟེན་དང་སྨྱན་སྦྱོར་ནུས་ལྡན་ཞིག་ཏུ་གྱུར་འདུག །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།