ཀྲུང་གོ་བོད་ཀྱི་དྲ་བ།

ཏ་ཐུང་རྫོང་གིས2024ལོའི་དཔྱིད་དུས་རྒྱལ་ཁུངས་ལྗང་བསྒྱུར་གྱི་ཚོགས་ཆེན་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས24ཉིན། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས2024ལོའི་དཔྱིད་དུས་རྒྱལ་ཁུངས་ལྗང་བསྒྱུར་བྱེད་པའི་བྱེད་སྒོ་ཆེན་མོ་སྤེལ་མགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། བྱེད་སྒོ་དེ་ཟླ4བའི་ཚེས30ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད། 

སྡོང་ཕྲུག་འཛུགས་པའི་ཡུལ་སོ་སོའི་ཡུལ་དངོས་སུ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ལྕགས་ཁེམ་དང་ཆུ་ཟོ་སོགས་བཟུང་ནས། ས་བརྐོ་བ་དང་སྡོང་ཕྲུག་བསྐྱལ་བ། ཆུ་ལྡུག་པ་ལ་སོགས་པའི་ལས་ལ་བྲེལ་བཞིན་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་ལས་ཁུངས122དང་ཤང་གྲོང20ལ་སྡོང་བོ17535བཙུགས་ནས། གྲོང་ཁྱེར་ཡོངས་སུ་མཛེས་སྡུག་ལྡན་པའི་ལྗང་མདོག་གསར་པ་བསྣན། 

ཐེངས་འདིའི་བྱེད་སྒོའི་ཏ་ཐུང་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྔོ་ལྗང་འདེབས་འཛུགས་དང་སྔོ་ལྗང་ལ་དགའ་ཞེན། སྔོ་ལྗང་ལ་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་བཏང་ནས། རྒྱུན་མཐུད་ངང་རྒྱལ་ཁུངས་ལྗང་བསྒྱུར་སྲ་བརྟན་དང་མཐོར་འདེགས། མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།