ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང9དང་མི་སྒེར8ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་གཏམ་བཟང་ཞིག་འབྱོར་ཞིང་། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུས་བརྡ་ཐོ་བཀྲམ་ནས་རྒྱལ་ཡོངས་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང9དང་མི་སྒེར8ལ་གཟེངས་བསྟོད་ཐོབ། དེའི་ནང་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་རྩད་ཞིབ་ཇུས་འགོད་ཁྲུའུ་སོགས་ཐུན་མོང9ལ“རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ་པ་དང་། ཀྲང་ཡན་རོང་སོགས་མི་སྒེར8ལ“རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ། 

རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཐེངས་དང་པོར་སྤེལ་བའི་རང་བྱུང་གནོད་འཚེའི་འགོག་བཅོས་ནུས་པ་ཆེ་རུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་ཀྱི་བརྟག་དཔྱད་གལ་ཆེན་ཞིག་ཀྱང་ཡིན། ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡོངས་ཁྱབ་ཞིབ་བཤེར་བརྟག་དཔྱད་དང་། གྲངས་གཞིའི་སྤུས་ཚད་ཞིབ་བཤེར། བསྡུ་སྤྲོད། ཚོད་དཔགས་ཁོངས་དབྱེ་བ་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གཞི་རྩའི་ཆ་ནས་ཤེས་རྟོགས་ཐུབ་པ་དང་གཙོ་གནད་ས་ཁུལ་གྱི་གནོད་འགོག་ནུས་པ་རྩད་ཆོད་ཐུབ་པས་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད། ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ནང་ཞིང་ཆེན་དེ་ཡོངས་ལ་ས་ཡོམ་དང་ས་གཤིས། ཆུ་ལོག་ཐན་པ། གནམ་གཤིས། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སོགས་གནོད་འཚེ་ཆེན་པོ5དང་། མི་འབོར་དང་ཁང་པ། རྨང་གཞིའི་སྒྲིག་བཀོད་སོགས་གནོད་འཚེ་ཐེག་མཁན་རིགས6གི་བར་སྟོང་གནས་ཡུལ་དང་གནོད་འཚེའི་ངོ་བོའི་ཆ་འཕྲིན་ཁྱོན་གྲངས་གཞི་ཁྲི322ལྷག་ཙམ་ཐོབ་པ་དང་རིམ་ཁག་གིས་རང་བྱུང་གནོད་འཚེ་འགོག་བཅོས་ལས་དོན་སྤེལ་བར་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས། 

མཚོ་སྔོན་ལ་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་སྔོན་ཐོན་ཐུན་མོང་ནི་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་རྩད་ཞིབ་ཇུས་འགོད་ཁྲུའུ་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནགས་ཚལ་རྩྭ་ཐང་མེ་ཟོན་ཁྲུའུ། མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ས་གཤིས་ལས་གྲྭའི་ས་གཤིས་ཁོར་ཡུག་ས་གཤིས་བརྟག་དཔྱད་ཁང་། མཚོ་སྔོན་ཞིང་ཆེན་གནོད་འཚེ་ཉུང་གཏོང་ལྟེ་གནས། མཚོ་སྔོན་གནམ་གཤིས་ལྟེ་གནས། མཚོ་སྔོན་དགེ་འོས་སློབ་ཆེན་ས་མཐོའི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཁང་ས་མཐོའི་གནོད་འཚེ་ཉུང་གཏོང་དང་འཕྲལ་སྡོམ་དོ་དམ་ཞིབ་འཇུག་ལྟེ་གནས། ཟི་ལིང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུའུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་ཅུའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཡིན། རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་སྔོན་ཐོན་མི་སྒེར་ནི་ཀྲང་ཡན་རོང(ཧོར་རིགས)དང་། ཝང་པིན། ཨ་ཡན་རེན(བུད་མེད། སོག་རིགས)ཡའོ་ཧྲིན་ཧའེ། ཀྲང་ཏེ་ཅུན། མའོ་ཐའོ་ཐའོ། ལེ་ཡིའུ་ཤིན། ཆའོ་ལིའུ(མོ)བཅས་ཡིན།  ། 

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།