ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་རྒྱལ་ཡོངས་ཀྱི“་ལོ་འཁོར་གྱི་ཆེས་མཛེས་དཔེ་ཁང”གཅིག་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས24ཉིན་ཀྲུང་གོ་དཔེ་དེབ་འགྲེམ་སྤེལ་ལས་རིགས་མཐུན་ཚོགས་ཀྱིས་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པའི་ལོ་འཁོར་གྱི་ཆེས་མཛེས་དཔེ་ཁང་གི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་འོས་སྦྱོར་བྱས་པའི་ལི་ཞང་དཔེ་ཁང་མིང་ཐོ་ནང་ཚུད་པ་དང་། རང་ཞིང་གི“ལོ་འཁོར་གྱི་ཆེས་མཛེས་དཔེ་ཁང”གི་མཚན་སྙན་ཐོབ་པའི་དངོས་གཞིའི་དཔེ་ཁང་གསུམ་པར་གྱུར།

ལོ་འཁོར་གྱི་ཆེས་མཛེས་པའི་དཔེ་ཁང་དཔྱད་འདེམས་བྱེད་སྒོ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་པར་འདེབས་འགྲེམ་སྤེལ་ཅུའུ་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་འཛུགས་སྐྲུན་ནུས་རྒྱུ་གྲོན་ཆུང་དང་ཚན་རྩལ་སི། རིག་གནས་དང་ཡུལ་སྐོར་པུའུ་སྤྱི་པའི་ཞབས་ཞུ་སི། ཀྲུང་གོ་དཔེ་དེབ་འགྲེམ་སྤེལ་ལས་རིགས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དེའི་དམིགས་ཡུལ་ནི་ཚོང་གཉེར་གྱི་འདུ་ཤེས་སྔོན་ཐོན་དང་། དཔེ་ཀློག་ཁོར་ཡུག་མཛེས་པ། དཔེ་དེབ་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ། སྤྱི་ཚོགས་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཡོད་པ། སྤྱི་ཚོགས་ཀྱི་སྐད་གྲགས་ཆོད་ཚད་དང་མིང་རྟགས་ཀྱི་ཤུགས་རྐྱེན་ཅུང་ཆེ་བའི་དངོས་གཞིའི་དཔེ་ཁང་ཁག་གཅིག་སྔོག་འདོན་བྱ་རྒྱུ་དེ་རེད། མིག་སྔའི་བར་བྱེད་སྒོ་དེ་བསྟུད་མར་སྐབས་གསུམ་ལ་སྤེལ་བ་དང་། དཔེ་ཁང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། དཔེ་ཁང་བཙུགས་ནས་ལོ་10འགོར་བའི་དངོས་གཞིའི་དཔེ་ཁང་ཞིག་ཡིན་པའི་ཆ་ནས། ལི་ཞང་དཔེ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཀློག་པ་པོར་ཞབས་འདེགས་ཞུ་རྒྱུ་དང་དཔེ་ཀློག་ཁྱབ་སྤེལ་གཏོང་རྒྱུ་དེ་ཚོང་གཉེར་བྱེད་པའི་དམིགས་ཡུལ་དུ་བརྩིས་ནས། དུས་ཡུན་རིང་བོར་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་བྱེད་སྒོར་གཞོལ་བ་མ་ཟད། དེའི་དམིགས་བསལ་གྱི་བར་སྟོང་ཇུས་འགོད་དང་། དཔེ་ཀློག་བྱེད་སྒོ་སྣ་ཚོགས་ཀྱི་ལས་འབྲས། ཕུལ་བྱུང་གི་ཚོང་གཉེར་ལས་འབྲས། མིང་རྟགས་ཀྱི་ཤུགས་རྐྱེན་བཟང་པོ་བཅས་ལ་བརྟེན་ནས་དཔྱད་འདེམས་པའི་ཁས་ལེན་ཐོབ།

འགྲེམ་སྟོན་གྱི་བཀོད་སྒྲིག་ཐད་ལི་ཞང་དཔེ་ཁང་གིས་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དང་། མང་ཚོགས་ཀྱི་དཔེ་ཆ། རྩོམ་རིག་སློབ་གསོ། བྱིས་པའི་དཔེ་ཆ་སོགས་བཀོད་སྒྲིག་བྱས་ཏེ། ཕན་འབྲས་ཡོད་པའི་སྒོ་ནས་ཀློག་པ་པོའི་སྣ་མང་ཅན་གྱི་དཔེ་ཀློག་བྱེད་པའི་དགོས་མཁོ་སྐོང་ཅི་ཐད་བྱས་པ་མ་ཟད། དུས་བཅད་ལྟར་བརྗོད་བྱ་གཙོ་བོའི་འཆད་ཁྲིད་དང་། རིག་གནས་གླེང་སྟེགས་ཁང་། དཔེ་ཀློག་མཉམ་སྤྱོད། དཔེ་ཀློག་བྱང་བུ་དང་ལེན་སོགས་རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་བ་བརྒྱུད། དཔེ་དེབ་སྤུས་ལེགས་དང་མཛའ་ཉེན་ལྡན་པའི་དཔེ་ཀློག་ཞབས་ཞུ་སྣ་ཚོགས་ཀྱིས་དཔེ་ཀློག་བྱེད་སྒོའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཏེ། དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ་དང་དུས་མཚུངས་སུ། དཔེ་ཁང་གིས་སྣ་མང་ཅན་གྱི་ཚོང་གཉེར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་སྒོས་བྱས་ཏེ། གློག་རྡུལ་ཚོང་དོན་སྟེགས་བུ་སྣ་ཚོགས་ལ་བརྟེན་ནས་དངོས་ཚན་དཔེ་ཁང་གི་དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་ཚོང་གཉེར་ལ་སྐུལ་འདེད་བཏང་ནས། ཚོང་གཉེར་གྱི་བར་མཐོངས་རྒྱ་ཆེར་བཏང་སྟེ་ཕན་འབྲས་ཡོད་པའི་སྒོ་ནས་དཔེ་ཁང་གི་གསོན་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།