ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱི་གནོད་ཕྱིའི་བསྐྱར་སྐྲུན་གྱི་རྣམ་གྲངས་ཐོག་མ་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་ཆིན་ཧྲོས་ཤང་ཏ་ཟི་ཀུའུ་སློབ་ཆུང་གི་བཟོ་འགོད་ལེགས་འགྲུབ་བྱུང་ཏེ། མཚོ་ཤར་གྲོང་ཁྱེར་གྱི་གནོད་ཕྱིའི་བསྐྱར་སྐྲུན་ལས་ལེགས་འགྲུབ་བྱུང་བའི་རྣམ་གྲངས་ཐོག་མར་གྱུར།

ཆིན་ཧྲོས་ཤང་ཏ་ཟི་ཀུའུ་སློབ་ཆུང་ནི་ཆ་ཚང་སློབ་ཆུང་ཞིག་ཡིན་ལ། 1926ལོ་བཙུགས་པ་དང་། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7300ཡོད། སློབ་གྲྭར་སློབ་མ273ཡོད་ལ། འཛིན་གྲྭ6བགོས་ཡོད་པ་དང་དགེ་རྒན་དང་ལས་བཟོ་པ14ཡོད།  ཅི་ཧྲི་ཧྲན་གྱི་ཚད་རིམ6.2ཅན་གྱི་ས་ཡོམ་གནོད་འཚེའི་ཤུགས་རྐྱེན་ཐེབས་པས་ཆིན་ཧྲོས་ཤང་ཏ་ཟི་ཀུའུ་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་གི་གྱང་ལ་གས་ཆག་ཆེན་པོ་བྱུང་ཞིང་། སློབ་ཁྲིད་སྒྲིག་བཀོད་ལ་ཚད་རིམ་མི་འདྲ་བའི་གཏོར་བརླག་ཐེབས་ནས། རྒྱུན་ལྡན་གྱི་སློབ་ཁྲིད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས།  འབྲེལ་ཡོད་སྡེ་ཁག་གིས་ལྟ་ཞིབ་བྱས་རྗེས། ཞོན་ཧྭ་རྫོང་གིས་ཟླ3པའི་ཚེས10ཉིན་ནས་བཟུང་སློབ་གྲྭ་དེར་སླར་གསོ་བྱས་པ་དང་། རྣམ་གྲངས་ལ་མ་རྩ་སྒོར་ཁྲི121བཏང་སྟེ་སློབ་གྲྭའི་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ1512སླར་གསོ་བྱས།

རྒྱུས་ལོན་པ་ལྟར་ན།  ཞོན་ཧྭ་རྫོང་གི་སློབ་གསོ་ཁོངས་གཏོགས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་གྱི་རྣམ་གྲངས24ཡོད་ཅིང་། སློབ་གྲྭ38དང་ལས་ཁུངས78ལ་འབྲེལ་ཞིང་། བསྡོམས་པས་མ་དངུལ་སྒོར་ཁྲི12197བཏང་། མིག་སྔའི་བར་དུ་གནོད་ཕྱིའི་བསྐྱར་སྐྲུན་རྣམ་གྲངས24ཁྲོད་ཀྱི་རྣམ་གྲངས་གཅིག་ལེགས་འགྲུབ་བྱུང་ཞིང་རྣམ་གྲངས16ལས་མགོ་བརྩམས། དྲ་ཐོག་ནས་ཚོང་འགུག་བྱེད་པའི་རྣམ་གྲངས7ཡོད་ལ། གནོད་ཕྱིའི་བསྐྱར་སྐྲུན་གྱི་རྣམ་གྲངས་ཚང་མ་ཕལ་ཆེར་ཟླ8པའི་ཟླ་མཇུག་བར་ཡོངས་སུ་ལེགས་འགྲུབ་འབྱུང་ངེས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།