ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་དོན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན་ནི“འཛམ་གླིང་དཔེ་ཀློག་ཉིན་མོ”སྐབས29པ་ཡིན་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་པ་དང་། སྔར་ལས་ལྷག་པར་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་ལས་ཁུངས་སུ་སྤེལ་བར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་རྣམ་པའི་ལས་ཁུངས་དང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས“དཔེ་ཀློག་མཚོ་སྔོན་དང་དཔེ་ཀློག་ལས་ཁུངས”བརྗོད་བྱ་གཙོར་བྱས་ནས་རྣམ་པ་མང་བ་དང་ཕུན་སུམ་ཚོགས་པའི་དཔེ་ཀློག་བྱེད་སྒོ་སྤེལ།

ཞིང་ཆེན་ཞིབ་དཔྱོད་ཁང་ལས་ཁུངས་བཟོ་ཚོགས་ཀྱིས་གཞོན་ནུ་ལས་དོན་ཨུ་ལྷན་དང་བུད་མེད་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ“ལས་དོན་དངོས་སྒྲུབ་དང་འགན་འཁྲི་དང་དུ་ལེན་པ། བྱས་རྗེས་འཇོག་པའི”དཔེ་ཀློག་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་ནོར་སྲིད་ཐིང་གིས་གཞོན་ནུ་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞིང་ཆེན་དཔེ་མཛོད་ཁང་དང“གཞོན་ནུའི་སློབ་སྦྱོང་བསྡུ་ཚོགས་དང་ང་རང་དཔེ་དེབ་ནང་ནས་ཡོང་བ་ཡིན”ཞེས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་བྱེད་པའི་བརྗོད་དོན་བྱེད་སྒོ་སྤེལ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གི་ཏང་ཀྲི་པུའུ་བརྒྱད་ཀྱིས་མཉམ་གཅིག་ཏུ“གསར་བརྗེ་གཏམ་རྒྱུད་བརྗོད་ནས་གསར་བརྗེ་ལས་འགན་སྒྲུབ་པ་དང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱེད་པ”ཞེས་པའི་བརྗོད་དོན་དཔེ་ཀློག་བྱེད་སྒོ་སྤེལ་བ། ཞིང་ཆེན་སློབ་གསོ་ཐིང་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་གིས“དཔེ་ཀློག་གོམས་གཤིས་སུ་འགྱུར་བ་དང་མི་ཚེ་གང་བོར་དཔེ་ཀློག་བྱེད་པ”ཞེས་པའི་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཞིང་ཆེན་ཚན་རྩལ་ཐིང་གིས“དཔེ་ཀློག་ལས་ཁུངས·ངའི་དཔེ་ཆའི་ནང་ནས་དགའ་སྤྲོའི་ཀློག་པ”ཞེས་པའི་བྱ་འགུལ་སྤེལ་ནས་དཔེ་ཆའི་རྣམ་པ་ཟབ་མོ་ཞིག་བཏོད་པ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས“དཔེ་དེབ་ཡག་པོ་འོས་སྦྱོར་བྱས་ཏེ་མཉམ་གཅིག་ཏུ་དཔེ་ཀློག་བྱེད་པ”ཞེས་པའི་དཔེ་ཀློག་བྱ་འགུལ་སྤེལ་བ་དང་དུས་མཚུངས་སུ། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་རིག་གནས་ཁྲོམ་གཞུང་སྡེ་ཁུལ་དང་མཉམ་འབྲེལ་བྱས་ཏེ་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་སུ་དཔེ་དེབ་འོས་སྦྱོར་བྱེད་སྒོ་སྤེལ་ནས“དཔེ་དེབ་ཀློག་པར་དགའ་བ་དང་། དཔེ་དེབ་ལེགས་པོ་ཀློག་རྒྱུར་དགའ་བ། དཔེ་དེབ་ཀློག་རྒྱུར་མཁས་པའི”རྣམ་པ་ཟབ་མོ་ཞིག་བཏོད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་གཞན་པས་ཀྱང་བརྗོད་དོན་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལོ་དམངས་ཡོངས་ཀྱིས་དཔེ་ཀློག་ལས་ཁུངས་ནང་ཞུགས་པའི་བྱེད་སྒོའི་ཁྲོད་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་ད་དུང་ཁྱིམ་ཚང་གི་དཔེ་ཀློག་དང་ཕ་བུའི་དཔེ་ཀློག་བྱེད་སྒོ་སྤེལ་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་ནས། ཁྱིམ་སྲོལ་བཟང་པོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། ཁྱིམ་ཚང་གི་ཁྱིམ་སྲོལ་བཟང་པོ་ལ་བརྟེན་ནས་སྤྱོད་ཚུལ་བཟང་པོ་བསྐྲུན་པར་སྐུལ་འདེད་བཏང་།  །  

 
རྩོམ་སྒྲིག་པ། : 才让尖措