ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་བསྐྲུན་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 5G+ཤེས་རབ་ཚྭ་སྔོག་བྱས་ཏེ། མི་ཤུགས་བཀོད་སྒྲིག་ཕྱོད་མཐོ་ཅན་དང་ལས་གཉེར་བྱ་སྤྱོད་ཚོད་ཐུབ་ཅན། ཡུལ་དངོས་ལས་གཉེར་བདེ་འཇགས་ཅན། ལྟ་སྡོམ་ཁྱབ་ཁོངས་རྒྱ་ཁྱབ་ཅན་བཅས་ཀྱི་དོ་དམ་མངོན་འགྱུར་བྱེད་དགོས། ཟླ་བཞི་པའི་ཚྭ་ཧན་ཚྭ་མཚོ་ནི་སྔོ་སངས་གཡུ་ཡི་རླབས་ཕྲེང་གཡོ་བར་བྱེད། ཚྭ་སྔོག་མཚོ་གྲུ་རེ་རེ་རིམ་སྤོར་བཅོས་སྒྱུར་བྱས་རྗེས་མདུན་སྐྱོད་ཀྱི་ཤུགས་བརྟས་ཤིང་ལས་གཉེར་གནད་སྨིན་ཡིན། ད་སྐབས། རྩིས་ཤུགས་ཐོན་ལས་ནི་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་པའི་སྒུལ་ནུས་གལ་ཆེན་དུ་གྱུར་ཡོད་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ཁུངས་དགེ་མཚན་བླ་ན་མེད་པ་དང་ཐོན་ལས་རྨང་གཞི་མཐུག་པོ་ལ་བརྟེན་ནས། ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་སྐྲུན་པ་དང་། ཡུལ་ཁོངས་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།

མཚོ་ནུབ་ཁུལ་ལ་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་། གནས་འདིར་ནུས་ཁུངས་ཐོན་ཁུངས་ཕྱུག་ཅིང་འདུས་ལ། ཐོན་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་གཅིག་སྡུད་ཡིན་པ། ཐོན་ལས་ཆ་རྐྱེན་ལེགས་པ། ཁྱད་པར་དུ་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་གྱིས་ལོ་གཅིག་ལ་ཟླ11ཉེ་བར་རང་བྱུང་འཁྱག་ཁུངས་བརྒྱུད་ནས་དྲོད་གྲང་བརྗེ་རེས་མངོན་འགྱུར་བྱེད་ཐུབ། དུས་མཚུངས་སུ། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་གློག་ཤུགས་སྤྱིའི་སྒྲིག་ཆས་གཞི་ཁྱོན་སྟོང་ཝ་ཁྲི1880.6ལ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི37%ཟིན་ཡོད། ཡུལ་ཁོངས་ནང་ཁུལ་དུ་ལྟོས་བཅོས་ཀྱི་ཅུང་དམའ་བའི་དྲར་ཞུགས་ཆ་སྙོམ་གློག་རིན་གྱིས་ཀྱང་རྩིས་ཤུགས་ཐོན་ལས་མྱུར་ཏུ་འཕེལ་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།

མཚོ་ནུབ་ཁུལ་གྱིས་སྲིད་གཞུང་གི་སྣེ་ཁྲིད་དང་སྤྱི་ཚོགས་མ་རྩ་ཟབ་ཞུགས་ཀྱི་རྣམ་པ་བརྒྱུད། གཞི་གྲངས་མཚོ་སྐྱོར་ནུས་པ་ཕུན་སུམ་ཚོགས་པར་བཏོན་པ་དང་། ཡུལ་ཁོངས་ནང་ཁུལ་དུ་རྣམ་པ་ཆེན་པོའི་ཚད་བརྒལ་རྩིས་ཤུགས་དང་རིག་ནུས་རྩིས་ཤུགས། གཞི་གྲངས་ལྟེ་གནས། གཞི་ཁྱོན་ཆེ་བའི་རྩིས་ཐབས་སྦྱོང་བརྡར་སྟེགས་བུ་སོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ། རྩིས་ཤུགས་ཐོན་ལས་ཕྲེང་བ་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ། ལྗང་མདོག་ནུས་ཁུངས་ལ་བརྟེན་ནས་ལྗང་མདོག་རྩིས་ཤུགས་ཀྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་སུ་བཏང་། དུས་མཚུངས་སུ། ཤར་གྲངས་ནུབ་རྩིས་དང་རྒྱལ་ཁབ་བཀོད་སྒྲིག་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བར་འདྲེས་སྦྱོར་ཟབ་མོ་བྱས་ཏེ། ནུབ་གྲངས་ནུབ་རྩིས་ལ་མྱུར་ཏུ་སྐུལ་འདེད་བཏང་། མིག་སྔར། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས204ཡོད་པ་དང་། དེའི་ཁྲོད70%གྲངས་འཛིན་ཅན་དང་རིག་ནུས་ཅན་མངོན་འགྱུར་བྱས་ཟིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་གཞི་གྲངས་ཆེན་མོ་ལྟེ་གནས་དང་གྲངས་འཛིན་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་གཞི་གྲངས་གྲབས་ཉར་ལྟེ་གནས3འཛུགས་སྐྲུན་བྱས་ཡོད། ཆར་མདོག་གཞི་གྲངས་གྲབས་ཉར་ལྟེ་གནས་དང་གཞི་གྲངས་ལྟེ་གནས་སྤོ་སྒུལ་འགག་རྩ་གཉིས་པ་གཉིས་འཛུགས་སྐྲུན་བྱེད་བཞིན་ཡོད། འཛུགས་སྐྲུན་བྱས་ཚར་རྗེས་སྤྱིའི་རྩིས་ཤུགས་ནི་སྐར་ཆ་གཅིག་ལ་དུང་ཕྱུར་ཁྲི100རྩི་ཐུབ།

དེར་མ་ཟད། མཚོ་ནུབ་ཁུལ་གྱིས་ད་དུང་གཞི་གྲངས་ཆེན་མོའི་ཐོན་ལས་ལྗང་མདོག་གློག་དྲ་ཕྲ་མོ་དང་དྲ་ཁུངས་གློག་ཁུར་གསོག་པ་གཞི་གཅིག་ཅན་འཛུགས་སྐྲུན་ལ་འབད་པས་སྐུལ་འདེད་བཏང་བ་དང་། གློག་ཤུགས་རྩིས་ཤུགས་མཉམ་འབྲེལ་བཀོད་གཏོང་ནུས་པ་མཐོར་འདེགས་པ། ནུས་ཁུངས་གཙང་མ་དང་རྩིས་ཤུགས་འདྲེས་སྦྱོར་ཟབ་མོར་སྐུལ་འདེད་བཏང་། སྟོང་ཀྲའོ་གྲོང་ཁྱེར་གསར་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་དང་ཐོན་ལས་མཉམ་འགུལ་ལ་སྐུལ་འདེད་བཏང་བ། ལས་གཞི་ཞབས་ཞུ་འགན་ལེན་ཇེ་དྲག་ཏུ་བཏང་ནས། རྩིས་ཤུགས་དང་གསོག་ཉར། མཐུན་སྦྱོར་བཅས་འཛུགས་སྐྲུན་བྱེད་པའི་ལྗང་མདོག་རྩིས་ཤུགས་མ་ལག་ཆགས་པར་བྱས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།