ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་ཐེངས36གི་ཡུལ་དངོས་དྲིལ་སྒྲོག་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། ཟི་ལིང་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་ཐེངས36པའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་དང་འོས་འགན་དྲིལ་སྒྲོག་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཉིན་ཐང་ཆེན་དུ་སྤེལ། ད་ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བྱ་འགུལ་གྱི་བརྗོད་དོན་ནི། “བདེ་ཐང་མཁར་གྲོང་དང་བདེ་ཐང་ལུས་པོའི་ལྗིད་ཚད”ཡིན། བྱ་འགུལ་ཡུལ་དངོས་སུ། ཞིང་ཆེན་དང་གྲོང་ཁྱེར70ཡི་ལས་ཁུངས་དང་ཟི་ལིང་ཆུས་ལྔ་དང་རྫོང་གཉིས་ཀྱི་མི་དམངས་སྲིད་གཞུང་། ཏུང་ཁྲོན་བཟོ་ལས་གླིང་ཁུལ། སྐྱེ་དངོས་གླིང་ཁུལ། མཁར་ལྷོའི་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་མི་སྣས། འགྲེམ་བྱང་སྒྲིག་བཀོད་དང་། བློ་འདྲི་སྟེགས་བུ། དྲིལ་སྒྲོག་རྒྱུ་ཆ་སྟེར་བ་དང་། སྐྱེ་དངོས་འགོག་བཅོས་སྨན་རྫས་སྟེར་བ་སོགས་ཀྱི་རྣམ་པས། གྲོང་ཁྱེར་སྡོད་དམངས་ལ་བདེ་ཐང་འཕྲོད་བསྟེན་ཤེས་བྱ་ཁྱབ་གདལ་དང་། བདེ་ཐང་འདུ་ཤེས་དྲིལ་སྒྲོག་བྱས་ཏེ། དམངས་ཡོངས་དེའི་ཁྲོད་དུ་ཞུགས་པ་དང་། མཉམ་སྐྲུན་མཉམ་སྤྱོད་ཀྱི་བདེ་ཐང་ཁོར་ཡུག་གསར་སྐྲུན་བྱས། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར་ནད་རིགས་ཚོད་འཛིན་ལྟེ་གནས། ཟི་ལིང་གྲོང་ཁྱེར་བུད་མེད་བྱིས་པའི་བདེ་སྲུང་ཁང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་སྡེ་ཁག་གི་སྨན་བཅོས་མི་སྣས། ཡུལ་དངོས་སུ་སྡོད་དམངས་ལ་ཁྲག་ཤེས་ཚད་འཇལ་དང་། བདེ་ཐང་བློ་འདྲི་སོགས་ཀྱི་འོས་འགན་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས། 

བྱ་འགུལ་གྱིས་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་ཁུངས་སོ་སོས་ཐེངས36གི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་གོ་སྐབས་སུ་བྱས་ཏེ། གནད་དོན་ཁྲིད་སྟོན་རྒྱུན་འཁྱོངས་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྒོས་སྤེལ། བདེ་ཐང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་། བདེ་ཐང་དཔལ་ཡོན་གྱི་འཚོ་བའི་རྣམ་པར་གྲོས་མཐུན་བྱས། “བདེ་ཐང་ལུས་ཕུང་ལྗིད་ཚད”ཚན་རིག་ཁྱབ་གདལ་བྱ་འགུལ་སྤེལ་བ་དང་། མི་ཚོགས་དང་ནད་རིགས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས། གནད་ཁེལ་སྒོས་བདེ་ཐང་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་པ་དང་། “མི་རེ་རེ་དེའི་ཁྲོད་དུ་ཞུགས་པ་དང་། མཉམ་སྐྲུན་མཉམ་སྤྱོད”ཀྱི་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གསར་བ་གྲུབ་པར་བྱས། སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་སྤེལ་བ་དང་། རང་འགུལ་ངང་ཁོར་ཡུག་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། དཔྱིད་དུས་ནད་རིགས་སྐྱེ་དངོས་འགོག་བཅོས་བྱ་བ་སྤེལ་བ་དང་། དམངས་ཡོངས་དེའི་ཁྲོད་དུ་ཞུགས་པ་དང་། ཁོར་ཡུག་འཕྲོད་བསྟེན་དག་གཙང་བྱ་འགུལ་སྤེལ་ནས། གཞིས་ཁུལ་དང་ལས་ཁུངས་སུ་དམིགས་ཏེ། གཙོ་གནད་ར་བ་དང་གོ་རིམ་ཞན་སའི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་མཐོར་འདེགས་སུ་བཏང་།  །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།