ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་སློབ་ཆེན་གྱིས་རིན་ཐང་མཐོ་བའི་ཤེས་བྱའི་བདག་དབང་གྲུབ་འབྲས་སྐོར་ཞིག་བདེ་བླག་ངང་གསོ་སྐྱོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ4པའི་ཚེས19ཉིན་གྱི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་བྱ་བའི་གཅིག་བསྡུས་གནས་ཚུལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཟླ4བར། མཚོ་སྔོན་སློབ་ཆེན་དུ་ཁྱོན་ཤེས་བྱའི་བདག་དབང800ཡོད་པ་དང་། དེའི་ཁྲོད་སྐྱེ་དངོས་རིགས་གསར་བའི་དབང་ཆའི་དཔང་ཡིག15། གསར་གཏོད་ཆེད་སྤྱོད215། རྣམ་པ་གསར་བའི་ཆེད་སྤྱོད243། ཕྱིའི་འཆར་འགོད་ཆེད་སྤྱོད12། རྩིས་འཁོར་མཉེན་ཆས་གསར་རྩོམ་དབང་ཆའི་ཐོ་འགོད315བཅས་ཡོད། 

མཚོ་སྔོན་སློབ་ཆེན་གྱི་རྒྱུན་ལས་སློབ་གཙོ་གཞོན་པ་རིན་ཡན་མིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་སློབ་ཆེན་གྱིས་རིགས་གསར་བ་དང་རྒྱུ་ཆ་གསར་བ། ནུས་ཁུངས་གསར་བ། ཚྭ་མཚོའི་རྫས་འགྱུར་བཟོ་ལས། སྨན་བཅོས་འཕྲོད་བསྟེན་དང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་དང་དམ་དུ་འབྲེལ་ཏེ། ཚན་རྩལ་གསར་གཏོད་དང་ཤེས་བྱའི་བདག་དབང་གསར་སྐྲུན་བྱ་བ་སྤེལ་ཏེ། ཕན་འབྲས་མངོན་གསལ་བླངས་ཤིང་། རིན་ཐང་མཐོ་བའི་ཤེས་བྱའི་བདག་དབང་གྲུབ་འབྲས་སྐོར་ཞིག་གསོ་སྐྱོང་བྱས། ཤེས་བྱའི་བདག་དབང་བསྒྱུར་བཅོས་དང་བེད་སྤྱོད་ཐད། 2021ལོ་ནས་ད་ལྟའི་བར། མཚོ་སྔོན་སློབ་ཆེན་གྱིས་ཁྱོན་རིགས་སོ་སོའི་ལག་རྩལ་གན་རྒྱ་སྣ156སྟེང་མིང་རྟགས་བཀོད་ཅིང་། ལག་རྩལ་གན་རྒྱའི་མ་དངུལ་སྒོར་ཁྲི7400ལྷག་དང་འབྲེལ་བ་དང་། འདེབས་དངོས་རིགས་ཀྱི་ཁྱབ་ཁོངས་དང་། འབྲེལ་ཡོད་ཁེ་ལས་ཀྱི་ཆོག་མཆན་བསྒྱུར་གྱི་ཞོག་ཁོག་དང་ལོག་དཀར། སྲན་ཆེན། ནས་སོགས་འདེབས་དངོས་རིགས10ཡོད་ཅིང་། ལོ་རེའི་ཕྱིར་འཚོང་ཡོང་སྒོ་སྒོར་ཁྲི4000ལྷག་ཡོད་པ་དང་། བོད་སྨན་ཁྱབ་ཁོངས་སུ། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཚན་རྩལ་ཆེད་སྤྱོད་གཞིར་བཅས། རང་ཞིང་གི་སྡེ་ཁག་མང་པོ་དང་མཉམ་འབྲེལ་སྒོས། བོད་སྨན་ཡིད་བཞིན་ནོར་བུ་གསོ་སྐྱོང་བྱས་ཏེ་ལོ་རེར་ཕྱིར་འཚོང་སྒོར་དུང་ཕྱུར་ཡིན་པའི་ཐོན་རྫས་སུ་གྱུར་བ་དང་། མཐོ་སྒང་ཉའི་ཁྱབ་ཁོངས་སུ། རང་བདག་ངང་གསར་སྤེལ་བྱས་པའི་ཉ་རིགས་ཀྱི་ཁ་ཟས་སྡེབ་སྒྲིག་ཐད་ནས་ཕྱི་རྒྱལ་གྱི་ཚོང་ལས་གཟན་ཆས་སྟེར་བ་གཏོར་ནས། འགྲོ་གྲོན་གྱི20%ཡི་དམིགས་འབེན་ཇེ་དམའ་རུ་བཏང་ཞིང་། ད་ལྟ་འབྲེལ་ཡོད་ཀུང་སིས་ཞིང་ཆེན་ཕྱི་ནང་དུ་གཞི་ཁྱོན་ཆེ་བའི་ཁྱབ་གདལ་བྱས་ཤིང་། སྐྱེ་ཁམས་ཁྱབ་ཁོངས་སུ། རང་བདག་གསར་སྤེལ་བྱས་པའི་རྩྭ་ལྡུམ་མེད་པར་བཟོ་བའི་སྨན་རྫས་ལ་དབང་ཆ་སྤྲད་དེ་ཐོན་སྐྱེད་ཕྱིར་འཚོང་བྱས་པ་དང་། ཐོན་རྫས་བདེ་བླག་ངང“མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན”སོགས་གཙོ་གནད་སྐྱེ་ཁམས་ཁོར་སྲུང་འཛུགས་སྐྲུན་ལས་གཞིའི་ཐད་བེད་སྤྱོད་བྱས་ཤིང་། ཉེ་བའི་ལོ5རིང་ཁྱབ་གདལ་རྒྱ་ཁྱོན་ས་མུའུ་ཁྲི200དང་། ཁེ་ཕོགས་སྒོར་ཁྲི500ལྷག་ལ་སླེབས་པ་དང་། སྐྱེ་ཁམས་ཁོར་སྲུང་ཁེ་ཕན་འདོན་སྤེལ་གང་ལེགས་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།