ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གྲོང་ཁྱེར་གྱིས་རྒྱང་བསྟེན་སློབ་གསོས་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་བསྩལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་རྒྱང་བསྟེན་སློབ་གསོའི་ཐོན་ཁུངས་ཕུན་ཚོགས་དང་། ཁེབས་ཚད་ཆེ་བའི་དགེ་མཚན་འདོན་སྤེལ་བྱས་ཏེ། ཟུར་སྣེ་མང་པོ་ནས་ཏང་ཡོན་སློབ་གསོར་རྒྱུན་བསྲིང་ནས། གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་དང་ཕན་ནུས་བསྩལ།

ན་གོར་མོ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་རྒྱང་བསྟེན་སློབ་གསོའི་སྟེགས་བུའི་བྱེད་ནུས་ཇེ་ལེགས་སུ་བཏང་བ་དང་། གཏན་འཇགས་ཀྱི་སློབ་སྦྱོང་ཉིན་མོ་དང“ཚོགས་གསུམ་ཁྲིད་གཅིག”དང་། བརྗོད་དོན་ཏང་གི་ཉིན་མོ་སོགས་བྱ་འགུལ་དང་ཟུང་འབྲེལ་སྒོས། སྲིད་ཇུས་གཞུང་ལུགས་དང་། གྲོང་གསེབ་དར་སྤེལ་སོགས་ནང་དོན་སློབ་སྦྱོང་ཐེངས600བྱས་པ་དང་། དྲ་ཐོག་མྱོང་རོལ་ཚོགས་འདུ་དང་། སྙན་ཞུ་ཐེངས3ལ་སྤེལ། རྒྱང་བསྟེན་སློབ་གསོའི་བྱ་བའི་དཔྱད་ཞིབ་དཔྱད་འཇོག་མ་ལག་སྒྲིག་འཛུགས་འཐུས་ཚང་དུ་བཏང་བ་དང་། བྱ་བའི་འཁོར་རྒྱུག་འགན་སྲུང་སོགས་ཀྱི་སྒྲིག་སྲོལ་བཙུགས་ཏེ།“དེབ་བཞི་རེའུ་མིག་གཅིག”གི་དོ་དམ་གསར་སྐྲུན་དང་། དུས་ཚིགས་རེར་ཡར་ཞུ་བྱེད་པའི་སྒྲིག་སྲོལ་དོན་འཁྱོལ་བྱས། “ཆེད་མིའི་དོ་དམ་དང་། ཆེད་མིའི་འགན་ཁུར། དུས་ཡུན་ངེས་གཏན་ནང་ཞིག་གསོ”བྱེད་པའི་བྱ་བའི་རྩ་དོན་ལྟར། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་འགན་དང་པོ་དང་། ས་ཚིགས་ཀྱི་དོ་དམ་པར་དམ་འཛིན་བྱེད་པ། ལས་གནས་གཉིས་ཀྱི་ཆེད་མིའི་དོ་དམ་བྱ་བའི་སྒྲིག་སྲོལ། ས་ཚིགས་ཀྱི་དོ་དམ་པ་མི84བདམས་ནས། ས་ཚིགས་དོ་དམ་ཚད་ལྡན་ཅན་དང་། ཞིབ་ཚགས་ཅན་དུ་བཏང་། 

རྒྱང་བསྟེན་སློབ་གསོའི“སྒེའུ་ཁུང་ཆུང་བ”དེ་གྲོང་གསེབ་དར་སྤེལ་གྱི“བརྗོད་དོན་ཆེན་པོའི”ཁྲོད་འདྲེེས་སུ་བཅུག་པ་དང་། “ཁ་པར་དང་སྒོ་ཁར་འགྲོ”བའི་རྣམ་པ་སྤྱད་དེ། ཞབས་ཞུ་ཐེངས80ལྷག་བྱས་ཏེ། ཏང་ཡོན་གྱི་རྩ་འཛུགས་དང་། སློབ་སྦྱོང་ཞབས་ཞུའི་རྣམ་པ་གྲུབ་པར་བྱས། ཧུར་ཐག་གིས“རྒྱང་བསྟེན་དང་རྣང་ཞིང་གི་བར་དུ་སློབ་ཁྲིད”“རྒྱང་བསྟེན་དང་རྟ་རྒྱབ་སློབ་ཁྲིད”“རྒྱང་བསྟེན་དང་སྤྱིལ་ཁང་སློབ་ཁྲིད”སོགས་ཕུན་སུམ་ཚོགས་པའི་སློབ་གསོའི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཆེད་མཁས་པ་དང་འཇོན་མི་གདན་དྲངས་ནས། རྣང་ཞིང་གི་བར་དུ་ལག་རྩལ་གསོ་སྦྱོང་དང་བརྗེ་རེས་མཛུབ་སྟོན་ཐེངས20ལྷག་བྱས་པ་དང་། ཞིང་ལས་ཐོན་སྐྱེད་དཀའ་གནད50མཐུན་འགྲིག་ཐག་གཅོད་བྱས། དུས་མཚུངས་སུ། རྒྱང་བསྟེན་སློབ་གསོ་དང་དྲ་ཐོག་ཐད་གཏོང་གཉིས་ཟུང་འབྲེལ་སྒོས། ཐོན་ལས་དར་རྒྱས་ཀྱི་བསམ་ཕྱོགས་གསར་བ་འཆར་འགོད་བྱས་ཏེ། དྲ་རྒྱའི་སྟེགས་བུའི་དགེ་མཚན་གྱིས་སྲོལ་རྒྱུན་ཞིང་ལས་རིམ་འཕར་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་དེ། ཞིང་བ་ཕྱུག་འགྱུར་དང་གྲོང་གསེབ་དར་སྤེལ་སྐུལ་འདེད་ཐད་སྒུལ་ཤུགས་གསར་བ་སྣོན་རྒྱུ་རེད། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།