ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དངུལ་གཏོང་དུས་མཉམ་ལས42.2%འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ1པོ་ནས་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་རང་བཞིན་གྱི་བཟོ་ལས་དངུལ་གཏོང་སྒོར་དུང་ཕྱུར61.2ལེགས་འགྲུབ་བྱས་པ་དང་། དུས་མཉམ་ལས42.2%འཕར། ལྡབ་འགྱུར་གྱི་དམིགས་འབེན་ལས་འགན་སྒོར་དུང་ཕྱུར13.8ལེགས་འགྲུབ་བྱས་ཏེ་མགོ་ལེགས་པོ་བརྩམས། 

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་གིས་གཙོ་གནད་ལས་གཞི་འཛུགས་སྐྲུན་དེ་བཟོ་ལས་དངུལ་གཏོང་འཕར་སྣོན་གྱི་བྱེད་ཐབས་གལ་ཆེན་དུ་བཟུང་ནས། 《མཚོ་སྔོན་ཞིང་ཆེན་གྱི2024ལོའི་གཙོ་གནད་བཟོ་ལས་ལས་གཞི་ལག་བསྟར་བྱེད་ཐབས》གཏན་ཁེལ་བྱས་ཤིང་། གཙོ་གནད་བཟོ་ལས་ལས་གཞི་སྣ200ལེགས་འདེམས་བྱས་པ་དང་། དཀའ་ཁག་གནད་དོན་ལེགས་སྒྲིག་བྱེད་པ། ལས་འགན་ལས་ཁུངས་དང་ལེགས་འགྲུབ་དུས་ཡུན་གསལ་བོར་བྱས་ཏེ། ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། བཟོ་ལས་དངུལ་གཏོང་གཏན་འཇགས་ངང་འཕར་སྣོན་ལ་སྐུལ་འདེད་བཏང་། ད་ལྟའི་བར་དུ། ཅིན་ཁུ་ནུས་ཁུངས་ཀྱི20GWཅན་ཏིན་ལ་པང་དང་། ཧོང་ཧྲི་པ་ཏའོ་ཐིའི་རྒྱུ་ཆ་གསར་བ་སོགས་གཙོ་གནད་ལས་གཞི་སྐོར་ཞིག་ལས་སྐྲུན་བྱས་པ་དང་། བསྐྱར་སྐྲུན་བྱེད་ཚད52%ལ་སླེབས། 

སྔར་ལས་ལྷག་པའི་སྒོ་ནས་ནོར་སྲིད་མ་དངུལ་གྱི་སྐུལ་མ་དང་། ཁྲིད་སྟོན་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། གཙོ་གནད་ལས་གཞི་སྐོར་ཞིག་ལ་རྒྱབ་སྐྱོར་བྱ་ཆེད། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི2024ལོའི་བཟོ་ལས་རྣམ་བསྒྱུར་ཆེད་དོན་མ་དངུལ་རེ་ཞུའི་ཕྱོགས་སྟོན》དཔར་འགྲེམ་བྱས་པ་དང་། ཁོངས་གཏོགས་ས་གནས་དང་ཁེ་ལས་ཀྱི་ཆེད་དོན་མ་དངུལ་རེ་ཞུ་རྩ་འཛུགས་བྱས་པ་དང་། རེ་ཞུ་དང་མཐུན་པའི་ལས་གཞིར་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་དང་། ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། 

དུས་མཚུངས་སུ། རང་ཞིང་གི་བཟོ་ལས་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བསྒྱུར་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། 《མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བསྒྱུར་ལག་བསྟར་བྱེད་ཐབས》འབྲི་མགོ་བརྩམས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།