ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་གཉེར་སྐྱོང་གཙོ་གཞིའི་སྤུས་ཚད་འདེགས་པའི་འགུལ་སྐྱོད་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཉེར་སྐྱོང་གཙོ་གཞི་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་འབྱུང་ཁུངས་ཡིན། ཞིང་ཆེན་ཁྲོམ་ར་ལྟ་རྟོག་དོ་དམ་ཅུའུ་ཡིས་གཉེར་སྐྱོང་གཙོ་གཞིའི་གཞི་ཁྱོན་སྒྲིག་གཞི་དང་ཧུར་པོའི་ཚད་ཐིག ཚད་གཞིར་མཐུན་པའི་གཉེར་སྐྱོང་། འགྲན་རྩོད་ནུས་པ། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་འགན་འཁྲི་སོགས་ཕྱོགས་དྲུག་གི་གཙོ་གནད་ལ་དམིགས་ནས། རང་ཞིང་གི་གཉེར་སྐྱོང་གཙོ་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པར་སྣེ་ཁྲིད་དང་སྐུལ་མ་བྱས། ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་རྟོག་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར་བཤད་རྒྱུར། ཉེ་ལམ། ཞིང་ཆེན་སྲིད་གཞུང་མོས་མཐུན་བྱུང་བ་བརྒྱུད། ཞིང་ཆེན་ཁྲོམ་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་བརྡ་སྦྱོར་དཔེར་འགྲེམ་བྱས་པ་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་མཉམ་དུ་གཉེར་སྐྱོང་གཙོ་གཞིའི་སྤུས་ཚད་མཐོར་འདེགས་འགུལ་སྐྱོད་སྤེལ་བ། ལས་གཏོད་བླ་ན་མེད་པ་དང་གསར་གཏོད་ལ་སྐུལ་འདེས་ངེས་པ་དོན་གྱིས་བྱས་པ། གསོན་ཤུགས་སློང་བ་དང་འཕེལ་རྒྱས་ལ་སྐུལ་བའི་མཁའ་དབུགས་ལེགས་པོ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་གཙོ་གཞི་འཕེལ་རྒྱས་སྤུས་ཀའི་ཐོག་ནས་ཕན་ནུས་ལྡན་པའི་མཐོར་འདེགས་དང་གྲངས་ཀའི་ཐོག་ལུགས་མཐུན་གོང་འཕེལ་མངོན་དུ་འགྱུར་བར་རོགས་སྐུལ་བྱས་ཡོད་ཟེར།

ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་གཙོ་གཞི་སྔར་ལས་ལྷག་པར་གསོ་སྐྱོང་དང་འཕེལ་རྒྱས། སྟོབས་ཆེར་གཏོང་བ་དང་། རིགས་མི་འདྲ་བའི་གཉེར་སྐྱོང་གཙོ་གཞིའི་ནང་སྐྱེད་སྒུལ་ཤུགས་དང་སྤྱི་ཚོགས་གསར་སྐྲུན་སྟོབས་ཤུགས་མུ་མཐུད་དུ་སློང་ཆེད། ཞིང་ཆེན་ཁྲོམ་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་གཉེར་སྐྱོང་གཙོ་གཞིའི་གཞི་ཁྱོན་སྒྲིག་གཞི་ལེགས་སྒྱུར་བྱས་པ་དང་། མི་སྒེར་ནས་ཁེ་ལས་སུ་སྒྱུར་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་ཆུང་བ་ནས་ཆེ་བར་སྤོ་བའི་སྐས་རིམ་གསོ་སྐྱོང་ལག་བསྟར། གཞི་ཁྱོན་ནས་མ་རྐང་ལ་སྒྱུར་བའི་ནུས་རིམ་མཐོར་འདེགས། མ་རྐང་ཚོང་རར་འགྲེམ་པའི་འཕེལ་རྒྱས་སྟོབས་ཆེར་རྒྱབ་སྐྱོར་བཅས་གཙོ་བོར་བཟུང་། གཉེར་སྐྱོང་གཙོ་གཞིའི་ཧུར་པོའི་ཚད་ཐིག་མཐོར་བཏེགས་པ་དང་། ཁྲོམ་ར་འགྲེམ་ཚད་ལྡོག་ཕྱོགས་གསལ་ཐོ་ལམ་ལུགས་དོ་དམ་ཇེ་དྲག་ཏུ་གཏོང་བར་དམིགས་པ་དང་སྲིད་དོན་ཞབས་ཞུ་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱས་པ། ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཆོག་མཆན་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་བ། གློག་རྡུལ་དཔང་ཡིག་འདྲ་པར་བེད་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་པ། གཉེར་སྐྱོང་གཙོ་གཞི་ལམ་སྲོལ་ལས་ཕྱིར་འབུད་བདེ་བ། གཉེར་སྐྱོང་གཙོ་གཞི་ཐོ་འགོད་གཞི་གྲངས་སྤུས་ཚད་མཐོར་འདེགས་པ་བཅས་བྱས། གཉེར་སྐྱོང་གཙོ་གཞིའི་ཚད་གཞི་དང་མཐུན་པའི་ཆུ་ཚད་མཐོར་འདེགས་པ་དང་། སྤུས་ཚད་རྨང་གཞི་ནུས་པ་འཛུགས་སྐྲུན་ལ་མྱུར་ཏུ་སྐུལ་འདེད་གཏོང་བ་དང་ཡིད་རྟོན་མ་ལག་འཛུགས་གཏིང་ཟབ་ཏུ་སྤེལ་བ། བདེ་འཇགས་ཐོན་སྐྱེད་སྔར་ལས་ཚད་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པ། གཉེར་སྐྱོང་གཙོ་གཞིའི་གསར་སྐྲུན་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་པ། འགྲན་རྩོད་སྲིད་ཇུས་ལག་བསྟར་ཇེ་དྲག་ཏུ་གཏོང་བ། གྲངས་འཛིན་ཅན་འཕེལ་རྒྱས་མྱུར་ཏུ་སྐུལ་འདེད་གཏོང་བ། སྲིད་གཞུང་ཉོ་སྒྲུབ་དང་ཚོང་འགུག་དངུལ་གཏོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་གནས་ཀྱི་སྲུང་སྐྱོང་དང་ཡུལ་ཁོངས་གེགས་རྐྱེན་གཏོར་བ། གཉེར་སྐྱོང་གཙ་གཞི་སྤུས་འདེགས་ཕན་སྐྱེད་ལ་རོགས་སྐུལ་བྱེད་པ་དང་། ཁེ་ལས་རོགས་རམ་དང་དྲོད་ཁོལ་སྐྱེལ་བའི་འགུལ་སྐྱོད་མུ་མཐུད་དུ་སྤེལ་བ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་སྨིན་ཐད་བགྲོད་ལམ་སྲོལ་དངོས་འབེབས་བྱེད་པ། ཁེ་ལས་འབྲེལ་བའི་རིན་བསྡུ་བཅོས་སྐྱོང་ཇེ་དྲག་ཏུ་གཏོང་བ། སྒེར་གཞི་བཟོ་ཚོང་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་རྒུས་ཞབས་ཞུ་སྒྲུབ་པ། གཞུང་སྤྱོད་ཞབས་ཞུའི་སྤུས་ཚད་ཚད་དང་ལྡན་པར་མཐོར་འདེགས་པ། སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བཅས་བྱེད་པ། གཉེར་སྐྱོར་གཙོ་གཞིས་སྤྱི་ཚོགས་འགན་འཁྲི་འཁུར་བར་སྣེ་ཁྲིད་པ་དང་། ལས་ཞུགས་འདོན་སྤྲོད་བྱེད་ཤུགས་མུ་མཐུད་དུ་ཆེར་བསྐྱེད་ནས། གཉེར་སྐྱོང་གཙོ་གཞི་སྤྱི་ཚོགས་བཅོས་སྐྱོང་དུ་འབད་པས་ཞུགས་པར་སྣེ་ཁྲིད་དགོས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།