ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟའི་གནས་ཀྱི་ལས་དོན་ཇུས་གཞི》དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་ལས་དོན་མགོ་ཁྲིད་ཚན་ཆུང་གི(མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང)གཞུང་ལས་ཁང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཚོང་དོན་ཐིང་སོགས་སྡེ་ཁག་བཞིས་མཉའ་འབྲེལ་སྒོས། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟའི་གནས་ཀྱི་ལས་དོན་ཇུས་གཞི་དཔར་འགྲེམ་བྱས། དེའི་དམིགས་ཡུལ་ནི་ཞིང་ཕྱུགས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་སོགས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དར་བ་དང་ཞིང་སྡེ་མཛེས་པ། ཞིང་པ་ཕྱུག་པའི་རབ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། ཞིང་ལས་ཞིང་སྡེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐུལ་བྱ་རྒྱུ་དེ་རེད།

《ཇུས་གཞི》ལས། ཡུལ་བསྟུན་ཇུས་བསྟར་སྒོས་ཡུལ་ཁོངས་ཀྱི་ཁྱད་ཆོས་ཡོད་པའི་ལྷོད་གཡེང་ལྟ་སྐོར་དང་ཞིང་གྲོང་རོལ་མྱོང་། རྩལ་སྦྱོང་བདེ་ཐང་། བག་ཕེབས་ངལ་གསོ། རོལ་རྩེད་གསར་གཏོད། གྲོང་གསེབ་འཛད་སྤྱོད་སོགས་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དམིགས་འབེན་དུ་བཟུང་བ་དང་། “ལུས་རྩལ+”འཇུག་སྒོར་བྱེད་པ། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་རྩལ་མཉམ་འབྲེལ་འགྲན་སྡུར་དང་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར། རྨ་ཆུར་རྐྱལ་རྩལ་འགྲན་པ་སོགས་ཀྱི་ལུས་རྩལ་འགྲན་སྡུར་དང་མདའ་འཕེན། རྟ་རྒྱུག་སོགས་ལུས་རྩལ་སྦྱོང་བརྡར་ལ་བརྟེན་པ། གྲོང་གསེབ་མཛེས་ལྗོངས་སྔོག་པ། གྲོང་གསེབ་གཏམ་རྒྱུད་འཆད་པ། གྲོང་གསེབ་དུས་ཆེན་སྒྲུབ་པ། གྲོང་གསེབ་ལེགས་སྐྱེས་འབུལ་བ། གྲོང་གསེབ་ཡུལ་སྐོར་སྤེལ་བ། གྲོང་གསེབ་འཕེལ་རྒྱས་གཏོང་བ། རང་སའི་ཁྱད་ལྡན་ཐོན་རྫས་ཀྱི་རྩོམ་ཡིག་ལེགས་པར་སྒྲུབ་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བརྒལ་བ་དང་། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་འདུས་པ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་འདྲེས་པའི་ཐོན་ལས་མ་ལག་དང་ཐོན་རྫས་མ་ལག་གསོ་སྐྱོང་སྒོས་ཆགས་པར་བྱེད་པ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་འདྲེས་པའི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མཐོར་བཏེགས་ནས། རང་ཞིང་གི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་གསལ་པོར་བཤད་ཡོད།

《ཇུས་གཞི》ལས། ཡུལ་བསྟུན་ཇུས་བསྟར་དང་སྤྱི་འདོམས་མཐོར་འདེགས། སྐྱེ་ཁམས་སྔོན་འགྲོ། མང་ཚོགས་ཟབ་ཞུགས། ལས་གཏོད་གསར་གཏོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རང་ཞིང་གིས་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧ་ས་ལར་རིགས་རང་སྐྱོང་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སོགས་གྲོང་ཁྱེར་དང་ཁུལ་བརྒྱད་བདམས་ནས་ཚོད་ལྟ་སྔོན་སྐྱོད་སྤེལ་བ། ཚོད་ལྟའི་གནས་རྫོང་སོ་སོ་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་རྣམ་ཀུན་ནས་སྐུལ་འདེད་གཏོང་བ། མཉམ་ལས་བརྗེ་རེས་ལ་རིམ་པ་མང་པོ་ནས་སྐུལ་འདེད་གཏོང་བ། ནང་འདྲེན་དང་ཕྱིར་སྒྲོག་བརྒྱུད་ལམ་མང་པོ་ནས་སྤེལ་བ། ཚོད་ལྟའི་གནས་སོ་སོའི་རྫོང་གི་མཐོ་སྒང་ཞིང་ཕྱུགས་ལས་ཐོན་ཁུངས་དགེ་མཚན་དང་ཐོན་ལས་ཁྱད་ཆོས་ལ་རྐང་འཛུགས་པ། ཞིང་ར་དང་རྩྭ་ཐང་། ཆུ་ཁོངས། ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་ཐོན་ལས་མཉམ་འདྲེས་ཀྱི་རྣམ་པ་གསར་པའི་གསར་སྐྲུན་ལས་དོན་འབད་པས་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།