ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས“རྒྱུན་འཁྱོངས་དྲུག”ལ་བརྟེན་ནས་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས2024ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་རླངས་འཁོར་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་བྱ་བའི་བརྙན་རིས་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས“རྒྱུན་འཁྱོངས་དྲུག”དམ་འཛིན་བྱས་ཏེ། མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན་པ་བརྒྱུད། མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།

རང་ཞིང་གིས་ཁྲིམས་དང་འགལ་བའི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་ཚོད་འཛིན་དང་ཚོང་ཟོག་ཉོ་ཚོང་ཁོར་ཡུག་ལེགས་སྒྱུར་བྱ་རྒྱུ་དེ་དམིགས་འབེན་དུ་བྱས་ཏེ། མཉམ་འཛིན་སྤྱི་སྒྲུབ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དངོས་འབེབས་ལེགས་པོ་བྱེད་པ། ལས་རིགས་ཀྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་དོ་དམ་འགན་འཁྲི་ལག་བསྟར་བཟང་པོ་བྱེད་པ་དང་། བཅོས་སྐྱོང་བྱེད་ཐབས་དང་ལྟ་སྐུལ་དོ་དམ་ཞིབ་བཤེར་ལ་ཤུགས་སྣོན་པ། དམིགས་འབེན་རྒྱུགས་བཤེར་ནན་མོ་བྱས་ནས། ལོ་འཁོར་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་རྒྱུ་དང་། མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་གཞུང་ལམ་གཙོ་བོའི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པར་རྒྱུན་མཐུད་སྒོས་ཤུགས་བསྣན་པ་དང་། མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་ས་ཚིགས་གཏན་འཁེལ་དང་། ཆེད་དོན་དག་ཐེར་དང་ལེགས་བཅོས། སྐོར་སྐྱོད་ཞིབ་བཤེར་བཅས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པའི་མཉམ་འབྲེལ་ཁྲིམས་བསྟར་བྱེད་ཐབས་སྤྱད་དེ། ཁྲིམས་ལྟར་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། ཞིང་སྡེའི་གཞུང་ལམ་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཞིང་། ཞིང་ཆེན་ཞིང་ཆེན་བར་དང་། གྲོང་ཁྱེར་དང་ཁུལ་བར། རྫོང་དང་ཆུས་བར་བཅས་ཀྱི་ཁུལ་ཁོངས་མཉམ་འབྲེལ་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་ཁྲིམས་བསྟར་མཉམ་སྒྲུབ་ལ་ཤུགས་སྣོན་བྱས། ཟོང་འདྲེན་རླངས་འཁོར་དང་། ཟོང་འདྲེན་འགོ་ཁུངས། ཟོང་འདྲེན་ཁ་ལོ་པ་བཅས་ཀྱི་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། རླངས་འཁོར་དང་དཔང་ཡིག་མི་འཚམ་པ་དང་། ལམ་ཐག་ཐུང་སའི་ཡི་གེ་བླངས་ནས་ལམ་ཐག་རིང་བོར་རྒྱུག་པ། ཆོག་མཆན་ཐོབ་པའི་ལམ་ཐིག་ལ་མི་བསྐྱོད་པ་སོགས་ཀྱི་དངོས་རྫས་ཆེན་པོ་སྐྱེལ་འདྲེན་གྱི་ཁྲིམས་འགལ་བྱ་སྤྱོད་རྩད་གཅོད་བྱས་ནས་ཐག་བཅད་ཅིང་། ཟོང་འདྲེན་ཁེ་ལས་ཀྱིས་རང་རྟོགས་སྒོས་ཚད་མཐུན་བསྡུ་འཇུག་དང་བདེ་འཇགས་སྒོས་སྐྱེལ་འདྲེན་བྱེད་པར་ཁྲིད་སྟོན་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁྲིམས་མཐུན་ཚད་ལྡན་བསྡུ་འཇུག་སྐྱེལ་འདྲེན་ལ་སྐུལ་འདེད་བྱས་ཏེ། ཟོང་འདྲེན་ཁ་ལོ་པའི་རང་གཅུན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཧུར་ཐག་གིས་ཇེ་ཆེར་གཏོང་རྒྱུ་རེད།

རིག་ནུས་ལ་བརྟེན་ནས་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་ཁྲིམས་འཛིན་བདེན་དཔང་ཡུལ་གཞན་ནས་ཁས་ལེན་བྱེད་པ་དང་། སྡེ་ཁག་བརྒལ་བའི་དྲ་འབྲེལ་དོ་དམ་སོགས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བ། ཡིད་རྟོན་ལ་བརྟེན་ནས་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པར་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། གནས་གཅིག་ནས་ཆད་པ་ཕོག་ན། ཕྱོགས་མང་པོ་ནས་ཚོད་འཛིན་ཐེབས་པའི་ཉེན་སྟོན་གྲུབ་འབྲས་ཐོན་པར་བྱ་རྒྱུ་རེད། མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་ཁྲིམས་འཛིན་མི་སྣའི་གྱོད་སྒྲུབ་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། མྱུར་ཚད་དང་ཐེག་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་རུ་ཁག་གི་སྤྱིའི་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ་རེད། །

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།