ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་པའི་རླངས་འཁོར་མཚམས་སྦྱོར་ཚོགས་འདུ་སྐབས་དང་པོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིིང་རྒྱ་མཚོ།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན་ནས་ཚེས21ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡིས་རྩ་འཛུགས་སྣེ་ཁྲིད་བྱས་པའི2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་པའི་རླངས་འཁོར་མཚམས་སྦྱོར་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་ཟློར་གར་ཁང་གི་མདུན་ངོས་ཐང་ཆེན་དུ་བསྡུས།

ཐེངས་འདིའི་བྱ་འགུལ་ནང“ལག་གདང་མཉམ་སྦྲེལ་གྱིས་ལྷད་མེད་ཐཱན་དམའ་སྤྱོད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མཉམ་སྐྲུན་བྱེད་པ”ཞེས་བརྗོད་དོན་དུ་བཟུང་ཞིང་། གཙོ་བོ་ཏང་སྲིད་ལས་ཁུངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ལྷད་མེད་ཐཱན་དམའ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ། ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པས་ནུས་ཁུངས་གསར་པའི་རླངས་འཁོར་བཀོལ་སྤྱོད་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་ཆེར་བཀོལ་སྤྱོད་བྱེད་པའི་ནུས་ཚད་ཇེ་ཆེར་གཏོང་ཆེད་བཅས་ཡིན་ལ། བྱ་འགུལ་སྐབས་སུ་ཝེ་ལའེ་དང་ཝུན་ཅེ། ལིས་ཞང་། ཞའོ་ཕིན། པིས་ཡཱ་ཏིས། དབྱིན་ཧི། ཧུང་ཆི། པའེ་ཁི། ལིན་ཕའོ། ཨའེ་ཨན། ཨ་ཝེ་ཐ། ཧྲིན་ལན། ལན་ཐུའུ། ཁྲང་ཨན་ཆི་ཡོན། ཁྲང་ཨན་སོགས་ནུས་ཁུངས་གསར་པའི་རླངས་འཁོར་མིང་རྟགས་གྲགས་ཅན་གྱི་ཕྱིར་འཚོང་ཁེ་ལས15ཞུགས་ཡོད།

གཞུང་བཀོལ་རླངས་འཁོར་ནུས་ཁུངས་གསར་པ་ཅན་དུ་བསྒྱུར་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་དེ་གཞུང་བཀོལ་རླངས་འཁོར་ཁྱབ་ཁོངས་སུ་ལག་བསྟར་དངོས་འབེབས་བྱེད་པའི་གཞི་རྩའི་བྱེད་ཐབས་ཤིག་ཀྱང་ཡིན་ལ།  ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཚོ་བ་བབ་ཆགས་རོལ་བ་དང་ལྷད་མེད་ཐཱན་དམའ་བའི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད།  ཏང་སྲིད་ལས་ཁུངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་ལྷག་ཏུ་དགོས་གལ་ཆེ་བ་ཞིག་ཡིན་པ་དང་། རང་ཞིང་གིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། །  

 
རྩོམ་སྒྲིག་པ། : 才让尖措