ཀྲུང་གོ་བོད་ཀྱི་དྲ་བ།

མགོ་ལོག་ཁུལ་གྱིས་དཔྱིད་རླུང་འགུལ་སྐྱོད་ལ་བརྟེན་ནས་ཚོགས་སྒྲིག་རང་བཞིན་གྱི་ལས་ཞུགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2024ལོའི་མགོ་ལོག་ཁུལ་གྱི་དཔྱིད་རླུང་འགུལ་སྐྱོད་དང་ཚོགས་སྒྲིག་རང་བཞིན་གྱི་ལས་ཞུགས་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས་ནས། ལས་ཞུགས་འདོད་བློ་ཡོད་པའི་མཁར་གྲོང་གི་ངལ་རྩོལ་པ་དང་མགོ་ལོག་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ལ་ལས་ཞུགས་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། དེ་དང་མཉམ་དུ་ཞིང་ཆེན་ཕྱི་ནང་གི་མི་བཀོལ་ཁེ་ལས་ལ་གསོན་ཤུགས་གསར་བ་བསྣན།

མི་བསྡུ་ཚོགས་འདུས་བསྡོམས་པས་ཆེད་དོན་ཁུལ་དྲུག་བཙུགས་ཡོད་པ་དང་། སོ་སོར་ཞིང་ཆེན་རིམ་པའི་ངལ་རྩོལ་ཚོང་རྟགས་ཏེ་མགོ་ལོག་འོ་བཟོས་ཐོན་རྫས་མི་བསྡུ་ཆེད་དོན་ཁུལ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཁྱིམ་ཚང་ཁྲི་རུ་བསྐྱོད་པའི་སྲིད་ཇུས་དྲིལ་སྒྲོག་ཆེད་དོན་ཁུལ། ལས་རྐང་ངོ་སྤྲོད་ཐད་གཏོང་གི་དྲ་ཐོག་མི་བསྡུ་ཆེད་དོན་ཁུལ། ཧྲང་ཧེ་ཡི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁེ་ལས་ཆེད་དོན་ཁུལ། ཟི་ལིང་ས་ཁུལ་གྱི་མི་བསྡུ་ཁེ་ལས་ཆེད་དོན་ཁུལ། རྟ་བོ་ས་ཁུལ་གྱི་མི་བསྡུ་ཁེ་ལས་ཆེད་དོན་ཁུལ་བཅས་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་དངོས་སུ་བསྡོམས་པས་ཞིང་ཆེན་ཕྱི་ནང་གི་མི་བཀོལ་ཁེ་ལས233བྱ་འགུལ་ལ་ཞུགས་པ་དང་། ལས་ཞུགས་ལས་རྐང13000ལྷག་འདོན་སྤྲོད་བྱས་ལ། མི་སྟོང་ཕྲག་ལྷག་མི་བསྡུ་ཚོགས་འདུར་ཞུགས་པ་དང་། འབྲིང་རིམ་ཆེད་སྦྱོང་ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་པའི་མཐར་ཕྱིན་སློབ་མ69དང་སྤྱི་ཚོགས་ཀྱི་ན་གཞོན151ཧྲང་ཧེ་སོགས་ས་ཆར་ལས་ཞུགས་བྱེད་པར་སོང་ནས། མགོ་ལོག་ཁུལ་གྱི་ཚོགས་སྒྲིག་རང་བཞིན་གྱི་ལས་ཞུགས་བྱ་བའི་ཐད་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་བསྣན།

མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་ཚད་ལྡན་དང་ཟོར་ཡང་དང་། ཚོང་རྟགས་དང་དྲིལ་སྒྲོག ཞབས་ཞུ་དང་སེམས་ཁུར། ལས་ཞུགས་ལས་སྐྲུན་དང་སྤྱི་ཚོགས་འགན་སྲུང་། མི་དོན་འཇོན་མི། ངལ་རྩོལ་ཁེ་དབང་སྲུང་བ་བཅས་ཀྱི་མཉམ་སྡེབ་བྱ་བ་བཟང་བོར་བསྒྲུབས་ནས། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་ལས་ཞུགས་གསར་སྣོན་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཕྱིར་གཏོང་བ། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ལྷག་པར་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་རྐྱེན་སྲོལ་ཇེ་ཟབ་ཏུ་བཏང་ལ། ཞིང་ཆེན་ཡོངས་སུ་ཚོགས་སྒྲིག་རང་བཞིན་གྱི་ལས་ཞུགས་མ་དཔེ་གསར་སྐྲུན་བྱས་པ་དང་། སྔ་གཞུག་ཏུ་མི607རྩ་འཛུགས་བྱས་ནས་ཟི་ལིང་དང་ཧྲང་ཧེ། ཀྲེ་ཅང་། ཅང་སུའུ་སོགས་ས་ཆ་རུ་སོང་ནས་ཡུལ་གཞན་ལས་ཞུགས་བྱས་ཏེ། མགོ་ལོག་ཁུལ་གྱི་ལས་ཞུགས་ལས་སྐྲུན་བྱ་བ་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་བསྐྲུན།  །  

 
རྩོམ་སྒྲིག་པ། : 才让尖措