ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གྱུར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན་གསར་འགོད་པས་མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོང་ཚན་རིག་ཞིབ་འཇུག་མཉམ་ལས་སྤེལ་རེས་ཀྱི་སྐུལ་འདེད་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་པ་ལྟར་ན།  ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་མཚོ་སྔོན་པོའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གྱུར།  མིག་སྔར་མཚོ་སྔོན་པོའི་མཉམ་ལས་ཀྱི་ཚན་རིག་ཞིབ་འཇུག་སྡེ་ཁག20ལྷག་ཡོད་པ་དང་ཞིབ་འཇུག་གི་བརྗོད་གཞི་གལ་ཆེན80ལྷག་ཡོད། མཚོ་སྔོན་པོའི་ཁྱབ་ཁོངས་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་དང་དུས་དེབ200ལྷག་སྤེལ་ཡོད།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོང་གི་ཚན་རིག་ཞིབ་འཇུག་མཉམ་ལས་དེ1961ལོར་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་གིས་མཚོ་སྔོན་པོའི་ས་གཤིས་དང་ཆུ་སྐྱེས་སྐྱེ་དངོས་སོགས་ལ་ཚན་རིག་རྟོག་ཞིབ་བྱེད་མགོ་བརྩམས་ཤིང་།  2005ལོ་ནས་ད་ལྟའི་བར།  ཀྲུང་གོ་ཚན་རིག་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་མཚོ་སྔོན་པོ་ཚན་རིག་ཞིབ་འཇུག་དང་ཞིབ་འཇུག་བྱ་གཞི་མཉམ་ལས་བྱས་ཏེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚོ། རྩྭ་ཐང་དང་བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་རྨང་གཞི་བརྟན་པོ་བཏིང་། 

མཚོ་སྔོན་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་དེའི་རྨང་གཞིའི་ཐོག་གསར་འཛུགས་བྱེད་བཞིན་པའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི“ཚན་རིག་ཁང་གཅིག་དང་ལྟེ་གནས་གསུམ”གྱི་སྟེགས་བུ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་ནས། ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་ཆེད་མཁས་པ་དང་མཁས་དབང་དེ་བས་མང་བ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ་མཉམ་དུ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཞིབ་འཇུག་གི་མཉམ་ལས་དཔུང་སྡེ་ནང་ཞུགས་རྒྱུ་དང་། མཚོ་སྔོན་ཚན་རིག་ཞིབ་འཇུག་སྟེགས་བུ་གཏོད་རྒྱུ་དང་། མཚོ་སྔོན་ཚན་རིག་ཞིབ་འཇུག་མཉམ་ལས་ལམ་སྲོལ་འཛུགས་རྒྱུ། ཚན་རིག་ཞིབ་འཇུག་གྲུབ་འབྲས་བེད་སྤྱོད་དང་སྒྱུར་བ། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས་བཅས་ཡག་པོ་བྱ་རྒྱུ། མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོང་ཞིབ་འཇུག་ཁྱབ་ཁོངས་དང་བར་སྟོང་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་ཡིན་ཞེས་བསྟན།  །  

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།