ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱིས་གློག་སྒུལ་རླངས་འཁོར་གྱི་གློག་གསོག་ས་ཚིགས24འཛུགས་སྐྲུན་ལེགས་འགྲུབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཐཱན་ཉུང་འགྲོ་འོང་གི་འདུ་ཤེས་མི་སེམས་སུ་ཟུག་ཅིང་། ནུས་ཁུངས་གྲོན་ཆུང་གི་ནུས་ཁུངས་གསར་བའི་རླངས་འཁོར་དེ་མང་ཚོགས་ཀྱི་ཁ་ཕྱོགས་ཤིག་ཏུ་ཆགས་ཡོད། ད་ལྟ། རྒྱལ་ཁབ་གློག་དྲ་མཚོ་ཤར་གློག་འདོན་ཀུང་སིས་མཉམ་དུ་འཛུགས་སྐྲུན་བྱས་པའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་ས་ཚིགས24དང་། གློག་གསོག118འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། གློག་གསོག་ཚད་སྟོང་ཝ9498ལ་སླེབས་ཤིང་། དུས་མཉམ་དུ་གློག་སྒུལ་རླངས་འཁོར150ལ་གློག་གསོག་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་དང་། ལོ་རེའི་གློག་གསོག་ཚད་སྟོང་ཝ་ཁྲི100ཡན་ལ་སླེབས། 

ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྲོང་ཁྱེར་ནུས་ཁུངས་གསར་བའི་རླངས་འཁོར་གྱི་གྲངས་ཀ་མགྱོགས་མྱུར་ངང་ཇེ་མང་དུ་སོང་བ་དང་། གློག་གསོག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཞིག་གསོའི་དགོས་མཁོ་མུ་མཐུད་ནས་ཆེ་རུ་ཕྱིན། གློག་གསོག་ས་ཚིགས་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དེས་སྤྱི་ལེ་བརྒྱ་ཡི་མཚམས་སུ་གློག་གསོག་ཞབས་ཞུ་ཡོད་པར་གྲུབ་ཅིང་། དེས་ནུས་ཁུས་དང་ཁོར་ཡུག་གནོན་ཤུགས་ཞི་འཇགས་སུ་བཏང་བ་དང་། རླངས་འཁོར་གྱི་ཐོན་ལས་རྣམ་བསྒྱུར་རིམ་འཕར་ལ་སྐུལ་འདེད་དང་། ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་གདལ་བེད་སྤྱོད་དང་། གློག་གསོག་ཁོར་ཡུག་ཕན་ནུས་ལྡན་པའི་མཐོར་འདེགས་སུ་བཏང་། ཟླ3པའི་ཟླ་མཇུག་བར་དུ། རྒྱལ་ཁབ་གློག་དྲ་མཚོ་ཤར་ཀུང་སིས་ཁྱོན་གློག་གསོག་ཚད་སྟོང་ཝ་ཁྲི140ལེགས་འགྲུབ་བྱས། གློག་གསོག་དཀའ་བའི་སྣང་ཚུལ་ལ་དམིགས་ཏེ། རྒྱལ་ཁབ་གློག་དྲ་མཚོ་ཤར་གློག་འདོན་ཀུང་སིས་དྲ་རྒྱའི་མ་ལག་ལ་བརྟེན་ནས། གློག་གསོག་འཁོར་རྒྱུག་ཞིག་གསོའི་བྱ་བ་དེ་དྲ་རྒྱའི་དོ་དམ་ཁྲོད་བླངས་པ་དང་། ཉིན་རྒྱུན་གྱི་སྐོར་ཞིབ་ཞིབ་བཤེར་ལས་གཞན། དུས་ཆེན་གུང་གསེང་སྐབས་སུ། གློག་གསོག་སྒྲིག་ཆས་འཁོར་རྒྱུག་གནས་ཚུལ་ལ་སྐོར་ཞིབ་བྱས་ཏེ། མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་འགྲོ་འོང་སྔོན་གྱི་གློག་གསོག་གནད་དོན་ལ་འགན་སྲུང་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།