ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བཞི་པ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་མགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན། ཉི་མ་སྒྲོལ་མ་དང་ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།  

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་བ་དེས། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་སྡོང་འཛུགས་ལྗང་འཕེལ་ལ་བརྩོན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་པ་དང་སྐུལ་འདེད་པ་ཞིག་བྱེད་པ། རབ་མཛེས་ཀྲུང་གོ་མཉམ་དུ་སྐྲུན་པར་སྐུལ་མ་གནང་ཡོད་པས། སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དངོས་འབེབས་ཟབ་མོ་བཅས་བྱེད་དགོས་ཞེས་བསྟན།  

ཚོགས་ཐོག་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བསྐྱེད་ནས། རབ་མཛེས་ཀྲུང་གོ་འཛུགས་སྐྲུན་ལ་ལྗང་འཕེལ་ངོ་མཚར་སྣོན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དཔེ་མཚོན་གྱོད་དཔེར་སློབ་སྦྱོང་བྱེད་པ་ལེགས་པར་བཟུང་སྟེ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་ལས་དོན་ཚོགས་འདུའི་དགོངས་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བཟུང་ནས། གནད་དོན་ཐག་གཅོད་ལ་སྐུལ་དགོས། ལས་བྱེད་གསོ་སྐྱོང་འདེམ་བསྐོ་དང་སློབ་གསོ་དོ་དམ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། བཀོལ་སྤྱོད་ཆེན་པོ་རུང་བ་དང་འགན་ལྗིད་མོ་ཐེག་པའི་ན་གཞོན་ལས་བྱེད་པ་སྐྱོང་དགོས། ཆབ་སྲིད་ལངས་གནས་མཐོར་འདེགས་པ་དང་མཐུན་སྒྲིལ་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཞབས་ཞུ་འགན་ལེན་ལས་དོན་སྟོབས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཁྲིད་བྱས་པའི་སྐོར་གྱི་སྙན་ཞུ་དང་། ན་གཞོན་ལས་བྱེད་པ་གསོ་སྐྱོང་དོ་དམ་སྐོར་གྱི་བྱེད་ཐབས་འགའི་འཆར་ཟིན་བཀོད་པའི་གནས་ཚུལ་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་སྲོལ་ཡིག(འཆར་ཟིན་གྲོས་ཞིབ་ཐེངས་གཉིས་པའི་མ་ཕྱི)བཟོ་བཅོས་གནས་ཚུལ་དང་སྲོལ་ཡིག་འཆར་ཟིན་གྲོས་ཞིབ་ཐེངས་གསུམ་པའི་མ་ཕྱི་གྲོས་ཞིབ་ཏུ་སྐྱེལ་བའི་མ་ཕྱི་སྐོར་གྱི་སྙན་ཞུ་བཅས་ལ་མཉན། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར70ལོན་པ་དང་ས་གནས་དམངས་ཆེན་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར45འཁོར་བའི་བྱེད་སྒོ་རབ་དང་རིམ་པའི་ལས་དོན་ཇུས་གཞི་ལ་ཞིབ་འཇུག་བྱས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།