ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཡིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས16ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ནགས་ལས་དང་རྩྭ་ཐང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀུན་བཟང་ཚེ་རིང་གིས་བཟོ་པ་བཅུ་གྲངས་ལྷག་རྐྱང་ཐང་རྩྭ་ཐང་ལ་ཁྲིད་དེ་ས་སློག་ནས་ས་བོན་བཏབ་པ་དང་ས་གསར་བ་གསོ་སྐྱོང་བཅས་བྱས་ནས་ས་ནག་གྲམ་ཐང་དང་རྩྭ་ཐང་སླར་གསོའི་ལས་དོན་ལེགས་པོར་བསྒྲུབས། ད་ལོ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས་བྱེད་ཐབས་སྣ་མང་གིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 

ད་ལོར་ཡུས་ཧྲུའུ་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར2.35བཏང་པས་ས་ཁོངས་ཡོངས་ཀྱི་རྩྭ་ཐང་གཙང་འགྱུར་སྤྱི་ཆིང་ཁྲི17ལག་བསྟར་བྱས་པ་དང་། དེའི་ཁྲོད་ནས་རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་རྣམ་གྲངས་སྤྱི་ཆིང་ཁྲི2.84དང་། རྩྭ་ཐང་ཞན་འགྱུར་གསབ་འདེབས་སྤྱི་ཆིང་ཁྲི0.8། བྱེ་འགྱུར་རྩྭ་ཐང་བཅོས་སྐྱོང་སྤྱི་ཆིང་ཁྲི0.13། རྩྭ་ཐང་གནོད་ལྡན་སྐྱེ་དངོས་འགོག་བཅོས་སྤྱི་ཆིང་ཁྲི13.3བཅས་ཡོད།  ལས་དོན་འདི་དག་རྫ་སྟོད་དང་འབྲི་སྟོད། ཆུ་མ་ལེབ་སོགས་རྫོང་དང་འབྲེལ་བ་ཡོད།

ཡུས་ཧྲུའུ་ཁུལ་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་ཚན་རིག་དང་མཐུན་པའི་བཅོས་སྐྱོང་ཉམས་གསོ་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྒྱུན་གཏན་རྣམ་གྲངས་དང་གཙོ་གནད་བཟོ་གྲྭ་དང་ཟུང་འབྲེལ་དམ་ཚགས་བྱས་པ་དང་།  “ས་ཁོངས་ལྔ”ཡི་ཆེད་དོན་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་བསྡུ་སྒྲིལ། སྤྱི་ཡོངས་ལ་སྐུལ་འདེད་བཏང་ནས། བཅོས་སྐྱོང་ཉམས་གསོ་རྣམ་གྲངས་རིམ་བརྩེགས་དང་མ་དངུལ་བསྐྱར་ཟློས་མ་རྩ་འཇོག་པ་གཏན་འགོག་བྱས་ཏེ་སྔོ་འགྱུར་དང་གཙང་འགྱུར་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་།   ནགས་རྩྭ་རྣམ་གྲངས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ནགས་རྩྭ་རྣམ་གྲངས་འཛུགས་སྐྲུན་དེ་ཁྲིམས་དང་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་ནས། སྤུས་ཚད་ལྟ་སྐུལ་དོ་དམ་ལ་གཞི་འཛིན་ས་ཡོད་པ་དང་། སྒྲིག་སྲོལ་ཡོད་པ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱེད་པ།   འགན་འཁྲི་གཙོ་བོ་ཇེ་དམ་དུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་ཐབས་ཞིབ་ཕྲ་བཅས་སུ་བཏང་སྟེ་རྣམ་གྲངས་བདེ་འཇགས་ངང་ལག་བསྟར་བྱེད་ཐུབ་པར་ཁག་ཐེག་བྱས།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།