ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཟླ་རྗེས་མར་སྤེལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ནས10ཉིན་བར། རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནས་ཆ་རྐྱེན་དང་མཐུན་པའི་འགྲན་ཞུགས་པ་རྩ་འཛུགས་བྱས་ཏེ་འགྲན་བསྡུར་ནང་ཞུགས་སུ་འཇུག་རྒྱུ་ཡིན་པ་དང་། འགྲན་རིམ་རེ་རེ་བརྒྱུད་རྗེས་ཟི་ལིང་ས་ཁུལ་གྱི“ཕུལ་བྱུང་རྩལ་ནུས་པ”15གཟེངས་སུ་ཐོན་ཡོད། 

རྒྱུས་ལོན་ལྟར་ན།  བདམས་ཐོན་བྱུང་བའི་འགྲན་ཞུགས་པ15དག་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པར་ཞུགས་ནས་སོ་སོའི་རྩལ་དང་ནུས་པ་འདོན་རྒྱུ་ཡིན་པ་དང་། འགྲན་བསྡུར་ལ་ཞིང་ལས་འཕྲུལ་ཆས་ཞིག་གསོ་མཁན་དང་།  གློག་བཟོ་པ། སྐྲ་ལོ་མཛེས་བཟོ་པ། རྒན་གསོ་ནད་སྐྱོང་པ།  ཕྲུ་གུ་གཉོར་སྐྱོང་པ།  གློག་རྡུལ་ཚོང་དོན་སོགས་རྣམ་གྲངས9ཡོད།  འགྲན་ཞུགས་པའི་དཔའ་ངར་ཆེན་པོའི་སྣང་བརྙན་སྔར་བས་ངོམ་ཆེད་ཟི་ལིང་གྲོང་ཁྱེར་གྱིས་ཆེེད་དུ་འབྲེལ་ཡོད་ཆེད་ལས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་དགེ་རྒན་དམིགས་བསལ་དུ་གདན་དྲངས་ནས་འགྲན་ཞུགས་པར་འགྲན་བསྡུར་མ་བྱས་གོང་གཅིག་བསྡུས་སྦྱོང་བརྡར་དང་མཛུབ་ཁྲིད་བྱས་ཤིང་། གནད་འགག་གི་ལག་རྩལ་རེ་རེ་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་དེ་འགྲན་ཞུགས་པ་ཚོས་འགྲན་བསྡུར་ཁྲོད་གཡུར་ཟའི་གྲུབ་འབྲས་ལེན་པར་རོགས་རམ་བྱས།

ཟི་ལིང་གྲོང་ཁྱེར་གྱིས་ཐེངས་འདིའི་འགྲན་བསྡུར་ཆེན་མོ་གོ་སྐབས་སུ་བཟུང་ནས་ལས་རིགས་རྩལ་ནུས་འགྲན་བསྡུར་གྱིས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་བེད་སྤྱོད། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་རྩལ་ནུས་ཤེས་ལྡན་པ་མེད་པ་ནས་ཡོད་པ་བར་གྱི་བརྒྱུད་རིམ་ཧྲིལ་པོ་གསོ་སྐྱོང་དང་། ལས་རིགས་རྩལ་ནུས་ཤེས་པ་དང་བྱང་ཆུད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་གསོ་སྐྱོང་མངོན་འགྱུར་ཡོང་བར་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་རྩལ་ནུས་འཇོན་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་རིམ་བཞིན་མྱུར་བགྲོད་ལམ་བུའི་སྟེང་ཞུགས་པར་ཡར་སྐུལ་བཏང་ཞིང་། སྔར་ལས་མང་བའི་མང་ཚོགས་རྣམས་ནུས་རྩལ་ལ་བརྟེན་ནས་འབྱོར་ཕྱུག་ལམ་དུ་བསྐྱོད་པར་སྐུལ་ཁྲིད་བྱེད་རྒྱུ་རེད།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།