ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གྲོང་ཁྱེར་གྱིས་སྲིད་གཙང་ལས་ཁུངས་འཛུགས་སྐྲུན་དམ་འཛིན་སྒོས་ལས་བྱེད་པའི་ནུས་ཤུགས་མཐོར་འདེགས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་སྒོས། རྩ་འཛུགས་སྡེ་ཁག་གི་སྲིད་གཙང་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས། རྩ་འཛུགས་ལས་བྱེད་པའི་ནུས་ཤུགས་མུ་མཐུད་ནས་མཐོར་འདེགས་སུ་བཏང་། 

བསམ་བློའི་སློབ་གསོ་ཤུགས་དྲག་ཏུ་བཏང་ནས་བསམ་བློའི་འགོག་སྲུང་སྲ་བརྟན་དུ་བཏང་། གཙོ་གནད་རང་བདག་སློབ་སྦྱོང་དོན་འཁྱོལ་ཁོང་དུ་ཆུད་པ་དང་། གཅིག་བསྡུས་སྒོས་བགྲོ་གླེང་བརྗེ་རེས་སློབ་སྦྱོང་། ཆེད་དོན་ཏང་གི་སློབ་ཁྲིད་ཟུར་ཁྲིད་སློབ་སྦྱོང་། ཏང་ཀྲི་པུའུ་ཏང་ཡོན་རྒྱུན་རྣམ་སློབ་སྦྱོང་། སྨྱན་བྱད་སྟེགས་བུའི་རྒྱ་བསྐྱེད་ཀྱི“ལྔ་སློབ”སྒྲིག་སྲོལ་དོན་འཁྱོལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་དོན་འཁྱོལ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་གྲོང་ཁྱེར་གྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། དམག་དཔུང་ཐོག་ཁང་སྤྱི་གླིང་དང་། རུལ་སུངས་རྒོལ་བའི་ཉེན་བརྡའི་སློབ་གསོའི་རྟེན་གཞི་སོགས་ཐོན་ཁུངས་སྤྱད་དེ། ཉེན་བརྡའི་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ཡུལ་དངོས་ལྟ་སྦྱོང་དང་། ཉེན་བརྡའི་དཔེ་སྟོན་སློབ་གསོའི་བརྙན་རིས་སོགས་ལ་བལྟ་བའི་རྣམ་པ་བརྒྱུད་དེ། རྩ་འཛུགས་ལས་བྱེད་པའི་འདུ་ཤེས་ཤུགས་དྲག་ཏུ་བཏང་བ་དང་། ཏང་ཡོན་འདུ་ཤེས་ཤུགས་དྲག་ཏུ་བཏང་། 

སྒྲིག་སྲོལ་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས། སྒྲིག་ཁྲིམས་སྲ་བརྟན་དུ་བཏང་། གྲོས་གཞིའི་གོ་རིམ་ཚད་ལྡན་དང་། གྲོས་ཚོགས་ཀྱི་ཟིན་ཐོ་དང་སྦ་གསང་ཟིན་ཐོའི་བྱེད་ཐབས་ཚད་ལྡན། ནོར་སྲིད་དོ་དམ་འཐུས་ཚང་ཞིག་གསོ། གཞུང་འཁོར་དོ་དམ། ལས་བྱེད་པའི་གནང་ཞུ་སོགས་ཀྱི་སྒྲིག་སྲོལ་སྣ29འཐུས་ཚང་དུ་བཏང་། “ལས་གནས་འགན་འཁྲི་དང་ལས་གནས་སྲིད་གཙང་ཉེན་ཁ་བཙལ་བ། འགོག་སྡོམ་བྱེད་ཐབས་སྤྱོད་པའི”གོ་རིམ་ལྟར། ཁྱོན་ཡོངས་ནས་ལས་གནས་ཉེན་ཁ་རྩད་ཞིབ། དོ་དམ་གོ་རིམ་གྱི་ཉེན་ཁ། སྒྲིག་སྲོལ་ཉེན་ཁ་བཅས་ལ་རྩད་ཞིབ་བྱས་ཏེ། སྲིད་གཙང་ཉེན་ཁའི་འགོག་སྡོམ་བྱ་བ་དོན་འཁྱོལ་ཡོང་བར་བྱས། 

སྲིད་གཉེར་ལས་སྒྲུབ་འབུར་ཐོན་དུ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས། ཚན་ཁག་ཀྲུའུ་རེན་དང་། ལས་གཉེར་རྐང་འཛིན་པ་དང་ན་གཞོན་ལས་བྱེད་པའི་སྣེ་ཁྲིད་དེ། བསམ་བློ་འཛུགས་སྐྲུན་དང་། སྤྱོད་སྟངས་འཛུགས་སྐྲུན་སོགས་ཐད་ཀྱི་བྱ་འགུལ་དང་དམ་དུ་འབྲེལ་ཏེ། ན་གཞོན་ལས་བྱེད་པའི་བསམ་བློའི་ཐད་ནས་ཁ་ཕྱོགས་ཡང་དག་པར་བྱེད་པ་དང་། སྤྱོད་སྟངས་གཟབ་ནན་ཡོང་བར་རོགས་རམ་བྱས། རྩ་འཛུགས་སྡེ་ཁག་གི“11710”ལྟ་སྐུལ་ལས་སྒྲུབ་སྒྲིག་སྲོལ་བྱེད་ནུས་འདོན་སྤེལ་གང་ལེགས་སྒོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་ཞིབ་ཚགས་སུ་བཏང་ནས། ཚན་ཁག་སོ་སོ་དང་། བརྡ་འཕྲིན་འཛུགས་སྒྲུབ། ལྟ་སྐུལ་བའི་དཔུང་ཁག་གཉིས་དབྱེ་འབྱེད་བྱས་ཏེ། “བརྡ་འཕྲིན་དང་ལྟ་སྐུལ་ཞིབ་བཤེར”གྱི་རྣམ་པས་ལས་འགན་དོན་འཁྱོལ་ཡོང་བར་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།