ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་སྒོས་ལུགས་མཐུན་མིན་པའི་གོང་བདེའི་ཡུལ་སྐོར་སོགས་ཀྱི་སྣང་ཚུལ་བཅོས་སྐྱོང་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་རིང་ལ། མཚོ་སྔོན་གྱི་ལྗོངས་ཁུལ་སོ་སོའི་ཡུལ་སྐོར་མི་གྲངས་རིམ་བཞིན་ཇེ་མང་དུ་སོང་བ་དང་། མཚོ་སྔོན་དུ་ཡོང་ནས་ཡུལ་སྐོར་དུ་འགྲོ་བའི་ཚ་རླབས་འཕྱུར། ཟླ4པའི་ཚེས16ཉིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དུས་ཚིགས་ལེགས་ཤོས་ཀྱི་གྲ་སྒྲིག་བྱ་བའི་བརྙན་རིས་སྡེབ་སྒྲིག་གྲོས་ཚོགས་བསྡུས། ས་གནས་སོ་སོས་ཡུལ་སྐོར་བདེ་འཇགས་ཐོན་སྐྱེད་དང་ཡུལ་སྐོར་ཚོང་རའི་ཚད་ལྡན་བཅོས་སྐྱོང་སོགས་ཁྱབ་ཁོངས། ཡུལ་སྐོར་དུས་ཚིགས་ལེགས་ཤོས་གྲ་སྒྲིག་ལ་གྲ་སྒྲིག་བྱས།

ས་གནས་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་དུས་ཚིགས་ལེགས་ཤོས་ཀྱི་བྱ་བའི་ཕྱིར་བལྟ་དང་། ཡུལ་སྐོར་དང་འབྲེལ་བའི་བགྲོད་ལམ། འགྲིམ་འགྲུལ། སྤྱོད་ཁང་། ཉོ་སྒྲུབ། སྐྱེ་ཁམས་སོགས་ཐད་ཁྱོན་ཡོངས་ནས་རྩད་ཞིབ་བྱས་པ་དང་། བཅོས་སྐྱོང་རྩིས་ཐོ་སྒྲིག་བཟོ་བྱས་ཤིང་། རྩིས་ཐོའི་དོ་དམ་ལག་བསྟར་བྱས་ཏེ། “དཀྱིལ་སྙིང་གཅིག་དང་སྣེ་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་རྣམ་པ་ལག་བསྟར་བཟང་བོ་བྱས། 

ཡུལ་སྐོར་བདེ་འཇགས་ཐད་ཁྱོན་ཡོངས་ནས་རྩད་ཞིབ་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི“རྩ་བཅོས་མཁྲེགས་གཏོར”ལོ་ངོ་གསུམ་གྱི་འགུལ་སྐྱོད་སྤེལ་བ་དང་། ཉེན་ཁའི་འགོག་སྡོམ་དང་། ཉེན་ཁའི་རྩད་ཞིབ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ། ལས་འགན་དོན་འཁྱོལ། གནད་དོན་བཅོས་སྐྱོང་བཅས་གནད་འགག་གི་གོ་རིམ5ལ་དམིགས་ནས། གཟབ་ནན་སྒོས་སྒྲིག་ཆས་དང་བདེ་འཇགས་དམ་འཛིན་བྱས། ཡུལ་སྐོར་ཚོང་རའི་ཚད་ལྡན་བཅོས་སྐྱོང་ཐད་ནས། རང་ཞིང་གི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་དུས་ཚིགས་ལེགས་ཤོས་ཀྱི་“བརྒྱ་གཉིས་མཁྲེགས་གཏོར”གྱི་ཆེད་དོན་བཅོས་སྐྱོང་བཀོད་སྒྲིག་བྱེད་པ་དང་། ཁྲིམས་ལུགས་ལག་བསྟར་ཤུགས་ཆེར་བཏང་ནས། ལུགས་མཐུན་མིན་པའི་གོང་བདེའི་ཡུལ་སྐོར་བཅོས་སྐྱོང་དང་། འཛད་སྤྱོད་པར་མགོ་གཡོག་པ། ཟ་མ་དང་འདུག་སའི་རིན་གོང་ཁྲིམས་འགལ་སོགས་ཀྱི་འབུར་ཐོན་གནད་དོན་ལ། མུ་མཐུད་ནས་གནས་ཚད་ཡོངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་གྱི་ཤུགས་ཚད་ཆེ་རུ་བཏང་། 

ཡུལ་སྐོར་ཚོང་རའི་གོ་རིམ་དང་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་། ཡུལ་སྐོར་བ་སྐོར་ཞིག་ཐོན་པ་དང་། ཡུལ་སྐོར་ཞབས་ཞུའི་འགན་སྲུང་དེ་ཚང་མའི་དོ་སྣང་བྱེད་སའི་གླེང་གཞིར་གྱུར། ས་གནས་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། ཟ་འཐུང་གནས་མལ་དང་།ཡུལ་སྐོར་རོལ་རྩེད་སོགས་ཐོད་བརྒལ་བྱེད་སར་བྱས་ཏེ། ཡུལ་སྐོར་སྤྱི་བའི་རྨང་གཞིའི་སྒྲིག་ཆས་དང་ལྗོངས་ཁུལ་ཞབས་ཞུའི་མཉེན་ཆས་གཉིས་མཐོར་འདེགས་སུ་བཏང་། 

གསར་འགོད་པའི་བཅར་འདྲིའི་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གི་ས་གནས་སོ་སོའི་ཡུལ་སྐོར་ཁེ་ལས་ཀྱིས་ཧུར་ཐག་གིས་འཆར་འགོད་དང་། ཕྱོགས་བཞིའ་མགྲོན་པོ་སྣེ་ལེན་བྱས། ཡུལ་སྐོར་ཁེ་ལས་ཀྱིས་སྣེ་ཤན་པའི་གསོ་སྦྱོང་ཁྲོད། གཞི་གྲངས་ཆེན་མོའི་དབྱེ་ཞིབ་སོགས་ཀྱི་སློབ་ཁྲིད་ནང་འདྲེན་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་སོགས་སློབ་ཁྲིད་ཞིབ་འཇུག་གསར་སྤེལ་བྱས། ཞིང་སྡེའི་ཡུལ་སྐོར་སྣེ་ལེན་བྱེད་སར་སྔ་མོ་ནས་འཆར་འགོད་དང་། ཧུར་ཐག་གིས་ཞིང་སྡེའི་ཡུལ་སྐོར་དེ་སྲོལ་རྒྱུན་གྱི་འདུག་ས་དང་བཟའ་བཏུང་། རོལ་རྩེད་ནས་ཁམས་གསེང་རོལ་བ། གསར་སྐྲུན་ཞིང་ལས། ཞིང་ལས་རྨོ་འདེབས་མྱོང་རོལ། ཞིང་སྡེའི་ལག་ཤེས་ལས་བཟོ་སོགས་སུ་བསྒྱུར། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།