ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དང་པོའི་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ལས་བསྐོས་དངོས་མའི་འགན་ནུས་ལག་བསྟར་ནུས་ཤུགས་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་གཙོ་སྒྲུབ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི(ཞིང་ཆེན་སྲིད་འཛིན་སློབ་གླིང)གིས་དུས་སྐབས་དང་པོའི་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ལས་བསྐོས་དངོས་མའི་འགན་ནུས་ལག་བསྟར་ནུས་ཤུགས་གསོ་སྦྱོང་འཛིན་གྲྭ་འགན་སྒྲུབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ། ཏང་ཨུའི་ཧྲུའུ་ཅི། ཤང་དང་གྲོང་རྡལ་གྱི་མགོ་གཙོ100གསོ་སྦྱོང་ཁྲོད་ཞུགས། 

ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་སྒྲིག་ཁྲིམས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། མགྱོགས་མྱུར་ངང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐབས་སུ། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ལས་བསྐོས་དངོས་མའི་འགན་ནུས་ལག་བསྟར་ནུས་ཤུགས་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི“ལས་བྱེད་པས་སྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། སྒྲིག་ཁྲིམས་ནནདགོས་པའི”བཀོད་སྒྲིག་བླང་བྱ་ལག་ལེན་དོན་འཁྱོལ་བྱས་ཏེ། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ལས་བསྐོས་དངོས་མའི་གཞི་རིམ་གྱི་ཏང་འཛུགས་དང་། གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་བའི་ཐད་ཀྱི་ནུས་ཤུགས་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཤང་དང་གྲོང་རྡལ་གྱི་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང་། མ་ལག་སྒོ་ནས་གསོ་སྦྱོང་སློབ་སྦྱོང་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ལས་བསྐོས་དངོས་མའི་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ལྟ་སྟངས་བསྒྱུར་བ་དང་། གཞུང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། བྱ་བའི་བྱེད་ཐབས་ལེགས་བཅོས་བྱེད་པ། འགན་ནུས་ལག་བསྟར་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་ཁྲིད་སྟོན་བྱས། སློབ་ཁྲིད་འཆར་འགོད་ཐད་ནས། ཆབ་སྲིད་རང་བཞིན་འབུར་ཐོན་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ6གདན་དྲངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟོག་ཞིབ་ཞིབ་འཇུག་སྐོར་གྱི་འདུ་ཤེས་འཛིན་སྟངས་དང་། བོད་འབྲེལ་འཐབ་ཇུས། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་སོགས་ཐད་ཀྱི་རྒྱས་བཤད་གལ་ཆེན་ལ་ཀློག་འགྲེལ་བྱས་པའི་དུས་མཚུངས་སུ། “ཅི་ཞིག་སྒྲུབ་པ་དང་། ཅི་ཞིག་སློབ་པ། ཅི་ཞིག་ཆད་པ། ཅི་ཞིག་ཁ་གསབ”གྱི་རྩ་དོན་ལྟར། དམིགས་གཏད་རང་བཞིན་མཐོར་འདེགས་དང་། ཆེད་མཁས་པ་གདན་དྲངས་ནས་“རང་ཞིང་གི་གྲོང་གསེབ་དར་སྤེལ་སྐོར་གྱི་སློབ་སྦྱོང་བསམ་གཞིགས”དང“མགྱོགས་མྱུར་ངང་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱིས་ཀྲུང་གོ་ཅན་གྱི་དེང་རབས་ཅན་གྱི་གོམ་སྟབས་ཁྲོད་ཧུར་ཐག་གིས་ལྡབ་གསུམ་འཕར་སྣོན་གྲུབ་པར་བྱེད་པ”“སྒྲིག་སྲོལ་གསར་གཏོད་བྱས་ཏེ་ཐོན་ལས་ཀྱི་ཤུགས་འདོན་སར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”“ཏང་འཛུགས་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད”སོགས་ཀྱི་ཆེད་དོན་སློབ་ཁྲིད་བྱས། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན5ཡིན་པ་དང་། གཅིག་བསྡུས་སྒོས་སློབ་སྦྱོང་དང་རང་ཉིད་ཀྱི་སློབ་སྦྱོང་ཟུང་འབྲེལ་བྱས་ཏེ། ཕྱོགས་བསྡུས་སྒོས་རྣམ་པ་མང་པོའི་སློབ་ཁྲིད་རྣམ་པ་སྤྱད་དེ། རང་ཉིད་ཀྱི་སློབ་པ་དང་། ཟུར་ཁྲིད། བགྲོ་གླེང་། བརྗེ་རེས་བཅས་བྱས་ཏེ། སློབ་མ་ཚོར་ཐོབ་སྣང་ཡོད་པར་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།