ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་རླངས་འཁོར་བེད་སྤྱོད་དོ་དམ་ཆེད་དོན་གསོ་སྦྱོང་ཟི་ལིང་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡིས་ཟི་ལིང་དུ་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་རླངས་འཁོར་དོ་དམ་ཆེད་དོན་གསོ་སྦྱོང་བསྡུས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་སྲིད་ལས་ཁུངས78དང་། གྲོང་ཁྱེར་དང(ཁུལ) རྫོང་། (ཆུས།)གཞུང་འཁོར་དོ་དམ་སྡེ་ཁག་གི་འགན་ཁུར་བ། ལས་གཉེར་རྐང་འཛིན་པ་བཅས་ཁྱོན་མི240གསོ་སྦྱོང་ཁྲོད་ཞུགས། གསོ་སྦྱོང་སྐབས་སུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་དོ་དམ་གཞུང་འཁོར་དོ་དམ་ཁྲུའུ་ཡིས《མཚོ་སྔོན་ཞིང་ཆེན་ཏང་སྲིད་ལས་ཁུངས་ཀྱི་གཞུང་འཁོར་དོ་དམ་ལག་བསྟར་རྩ་དོན》དང་དམ་དུ་འབྲེལ་ཏེ། གཞུང་འཁོར་དོ་དམ་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། གཞུང་འཁོར་དོ་དམ་དོན་དངོས་དང་ཟུང་འབྲེལ་སྒོས། གཞུང་འཁོར་སྒྲིག་ཁོངས་ཞིབ་བཤེར་གཏན་ཁེལ། སྒྲིག་ཆས་གསར་བསྒྱུར། ལས་གཉེར་ཞིབ་བཤེར་ཆོག་མཆན། ཐག་གཅོད་སོགས་གོ་རིམ་ཧྲིལ་བོའི་དོ་དམ་གྱི་འབྲེལ་ཡོད་སྲིད་ཇུས་ཐད་ནས་ཀློག་འགྲེལ་བྱས། ཞིང་ཆེན་རིམ་པའི་གཞུང་འཁོར་དོ་དམ་བརྡ་འཕྲིན་སྟེགས་བུའི་ལས་སྒྲུབ་མི་སྣས《མཚོ་སྔོན་ཞིང་ཆེན་གྱི་གཞུང་འཁོར་བེད་སྤྱོད་བརྡ་འཕྲིན་སྟེགས་བུའི་བེད་སྤྱོད་དོ་དམ་བྱེད་ཐབས(ཚོད་ལྟ)》དང་དམ་དུ་འབྲེལ་ཏེ། གཞུང་འཁོར་དོ་དམ་བརྡ་འཕྲིན་སྟེགས་བུའི་བེད་སྤྱོད་བླང་བྱར་ཀློག་འགྲེལ་བྱས་པ་མ་ཟད། རྩ་བའི་གཞི་གྲངས་དང་། ལས་གཉེར་གོ་རིམ། གཞི་གྲངས་བསྡོམས་རྩིས་སོགས་སྟེགས་བུ་བེད་སྤྱོད་ཐད་ནས་དངོས་སྦྱོང་དང་ཡུལ་དངོས་ནས་བསྟན། དེའི་རྗེས། ད་དུང་ཡུལ་དངོས་དྲི་བར་ལན་བཏབ་པ་དང་། ཉམས་མྱོང་སྒྲུབ་ཐབས་དང་བྱ་བའི་བསམ་ཕྱོགས་བརྗེ་རེས་བྱས། 

 ཚང་མའི་བསྟན་དོན། ཐེངས་འདིའི་གསོ་སྦྱོང་ལ་མཛུབ་སྟོན་རང་བཞིན་ཤུགས་ཆེར་ལྡན་པ་དང་། རྗེས་མར་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་རུ་བཏང་ནས། དེང་སྐབས་དངོས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ། གཞུང་འཁོར་དོ་དམ་གྱི་སྲིད་ཇུས་གཏན་ཁེལ་དོན་འཁྱོལ་དམ་འཛིན་སྒོས། གཞུང་འཁོར་དོ་དམ་བརྡ་འཕྲིན་ཅན་དང་། ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ལྗང་མདོག་འདུ་ཤེས་དང་། ཚན་རྩལ་སྒུལ་ཤུགས་བསྩོལ་བའི་གཞུང་འཁོར་དོ་དམ་དང་། གཞུང་དོན་འགྲོ་འོང་གཅིག་བསྡུས་ཅན་དང་། གནད་ཁེལ་ཅན། གྲངས་འཛིན་ཅན། ཐན་ཉུང་ཅན་འཕེལ་རྒྱས་ལ་སྣེ་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་གཞུང་འཁོར་དོ་དམ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཚུལ་བསྟན།  །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།