ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ནུས་འདོན་སྤེལ་བྱས་ཏེ་བྱ་བའི་ནུས་མཐོ་དོན་འཁྱོལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ལྟ་སྐུལ་དོ་དམ་དོན་འཁྱོལ་འཕེལ་རྒྱས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་དམ་འཛིན་དང་། དམངས་ཚིས་ལ་སྐུལ་འདེད། ལྟ་སྐུལ་གཙོ་གནད་དུ་བཟུང་ནས། སྤུས་ཚད་མཐོ་བའི་སྒོ་ནས་ས་ཁོངས་ཡོངས་ཀྱི་གཙོ་གནད་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། 

དཔལ་འབྱོར་དམ་འཛིན་ཐད་བྱེད་སྟངས་གསར་བ་མངོན། སྣ་སོ་སོའི་དཔལ་འབྱོར་རྟགས་ཚད་དང་དམ་དུ་འབྲེལ་བ་དང་། ལས་གཞི་འཛུགས་སྐྲུན་མྱུར་ཚད་སོགས་རྗེས་འདེད་ལྟ་སྐུལ་ཞིབ་བཤེར་བྱས། 2023ལོར། དར་ལག་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར4.9ཡིན་པ་དང་། དུས་མཉམ་ལས4.4%འཕར། གཏན་འཇགས་མ་རྩའི་དངུལ་གཏོང་སྒོར་དུང་ཕྱུར5.6ཡིན་ལ། དུས་མཉམ་ལས་1.39%འཕར། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཕྱིར་འཚོང་སྤྱི་འབོར་སྒོར་དུང་ཕྱུར1.1ཡིན་པ་དང་། དུས་མཉམ་ལས13%འཕར། སྤྱི་བའི་ནོར་སྲེིད་སྔོན་རྩིས་ཡོང་སྒོ་སྒོར་ཁྲི3059ཡིན་པ་དང་། དུས་མཉམ་ལས66.16%ཡིན་ལ། སྤྱི་བའི་ནོར་སྲིད་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར16.64ཡིན་ཞིང་། དུས་མཉམ་ལས23.03%ཡིན། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར17964ཡིན་པ་དང་། དུས་མཉམ་ལས7.2%འཕར། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར40739ཡིན་པ་དང་། དུས་མཉམ་ལས4.5%འཕར། རོང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར11190ཡིན་པ་དང་། དུས་མཉམ་ལས8.3%འཕར། 

དམངས་ཚིས་སྐུལ་འདེད་ཐད་འགན་འཁྲི་གསར་བ་མངོན། དར་ལག་རྫོང་གིས་དམངས་ཚིས་ལེགས་བཅོས་དེ་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་གཞི་འཛུགས་སར་བཟུང་ནས། ཤང་རིམ་པའི་བྱིས་སྐྱོང་ཁང4ཡི་རྒྱ་བསྐྱེད་འཛུགས་སྐྲུན་བྱས་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང4ཡི་རྨང་གཞིའི་སྒྲིག་ཆས་དང་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང1འཛུགས་སྐྲུན་བྱས་པ་དང་། གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་སྣ10དང་། རྫོང་མི་དམངས་སྨན་ཁང་གི་ཞག་སྡོད་ཁང་གི་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་སོགས་གཙོ་གནད་དམངས་ཚིས་ལས་གཞི་ལག་བསྟར་བྱས་ཤིང་། “བཞི་མདོག་སྔོན་བརྡའི”སྒྲིག་སྲོལ་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། དུས་ཐོག་ཏུ་ལས་གཞི་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་ཐག་གཅོད་བྱས། 《མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི2023ལོའི་སྲིད་དོན་ལྟ་སྐུལ་ཞིབ་བཤེར་བྱ་བའི་གཙོ་གནད》ལྟར། གནད་དོན་གྱི་ཁ་ཕྱོགས་ཁྲིད་སྟོན་དང་། མཇུག་འབྲས་ཁྲིད་སྟོན། ལྟ་སྐུལ་རོགས་རམ་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། སྔ་རྗེས་སུ་རྩིས་བཤེར་དང་། གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་ལན་སློག་གནད་དོན་བཅོས་སྐྱོང་བྱས་ཏེ། “དམ་ལྷོད་ཞབས་ཞུ”བཅོས་བསྒྱུར་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན། ཚོང་རའི་ལྟ་སྐུལ་སོགས་གཙོ་གནད་བྱ་བའི་ཐད་ནས་ལྟ་སྐུལ་ཞིབ་བཤེར་ལས་སྒྲུབ་བྱས་ཏེ། ལྟ་སྐུལ་གྱི་བྱེད་ནུས་རིམ་བཞིན་མངོན་གསལ་དུ་བཏང་། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།