ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་ཀ་རྫོང་གིས་ཞིང་སྡེའི་འཇོན་མིའི་དར་སྤེལ་སྒུལ་ཤུགས་གསར་བ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་འཇོན་མིའི་དར་སྤེལ་དེ་གྲོང་གསེབ་དར་སྤེལ་གྱི་“ཐོན་ཁུངས་དང་པོར”བྱས་ཏེ། “འདེམས་པ་དང་གསོ་སྐྱོང་། སོར་འཇོག”གི་གོ་རིམ་སོ་སོར་དམིགས་ནས། འཇོན་མི་ནང་འདྲེན་དང་། དཔྱད་འཇོག་གསོ་སྐྱོང་འཐུས་ཚང་དུ་བཏང་སྟེ། རང་གཅུན་སྒྲིག་སྲོལ་སྐུལ་སྤེལ་གྱིས། གྲོང་གསེབ་དར་སྤེལ་ཐད་རིག་ནུས་གཞོགས་འདེགས་དང་འཇོན་མིའི་འགན་སྲུང་མཁོ་འདོན་བྱས། 

དགོས་མཁོ་ལྟར“འདེམས་པ”རྒྱུན་འཁྱོངས་བྱས། ཁྲི་ཀ་རྫོང་གིས“འཇོན་མི་སྔོན་ལ་འཛིན་པའི”འདུ་ཤེས་སྲ་བརྟན་དུ་བཏང་ནས། སྔ་རྗེས་སུ་སྐོར་ཐེངས2ཀྱི་ཆབ་སྲིད་སྤུས་ཚད་བཟང་བ་དང་། ལས་གཉེར་ནུས་ཤུགས། མང་ཚོགས་ཀྱི་རྨང་གཞི་ལྡན་པའི་ཕུལ་བྱུང་ལས་བྱེད་པ306ཞིང་སྡེ་དང“ཞིང་གསུམ”ཞབས་ཞུའི་ཁྲོད་རྐང་ཟུག་པར་མངགས། དོན་དངོས་གཙིགས་སུ་འཛིན་པར་དོ་སྣང་དང་། དངོས་ཕན་བཤད་པ། འབྲས་བུ་བརྩོན་པའི་དུས་རབས་གསར་བའི་ཞིང་ཕྱུགས་ལས་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱས་པ་དང་། མ་དངུལ་སྒོར་ཁྲི430བཏང་ནས། “ཆུས་གསུམ”གྱི་ཚན་རྩལ་ཞབས་ཞུ་འཇོན་མི195མངགས་ཏེ། སྡེ་བ་དང་གཞིས་ཁུལ་སོ་སོར་སོང་ནས་ལག་རྩལ་མཛུབ་སྟོན་བྱ་བ་སྤེལ་བ་དང་། འཇོན་མིའི་འདུས་ཤུགས་ལ་སྐུལ་འདེད་བཏང་། 

གནད་ཁེལ“གསོ་སྐྱོང”རྒྱུན་འཁྱོངས་བྱས། རོང་འབྲོག་དམངས་ཏང་ཡོན3900ཡི་གསོ་སྦྱོང་ལེགས་འགྲུབ་བྱས་པ་དང་། སྡེ་བ་དང་(གཞིས་ཁུལ)ཏང་ཀྲི་པུའུ་ཧྲུའུ་ཅི་དང་། སྡེ་སྡོད་ལས་བྱེད་པའི་ཏང་འཛུགས་སྐྲུན་དམ་འཛིན་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གསོ་སྦྱོང་སྐབས4ཡི་མི་ཐེངས593སྤེལ་ནས། གཞི་རིམ་འཇོན་མིའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་སུ་བཏང་། ཞིང་ལས་ཚན་རྩལ་འཇོན་མི་ཕྱིར་འགྲོ་བའི་ཤུགས་ཚད་ཆེ་རུ་བཏང་བ་དང་། གཞི་རིམ་ཞིང་ལས་ཚན་རྩལ་འཇོན་མིའི་རྟོག་ཞིབ་བྱ་འགུལ་ལོ་རེ་བཞིན་སྤེལ་བ་དང་། “ཆེད་དོན་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར”གྱི་རྣམ་པས། འཇོན་མིའི་ནུས་ཤུགས་སྲ་བརྟན་དུ་བཏང་། 

བརྩེ་བའི“སོར་འཇོག”རྒྱུན་འཁྱོངས་བྱས། འཇོན་མིའི་ཞབས་ཞུའི་འགན་སྲུང་སྒྲིག་སྲོལ་སྒྲིག་འཛུགས་འཐུས་ཚང་དུ་བཏང་བ་དང་། 《ཁྲི་ཀ་རྫོང་གི་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཇོན་མིའི་རྫོང་གི་གཙོ་གནད་ལས་བགོས་བྱེད་ཐབས》དང《ཁྲི་ཀ་རྫོང་གི་སྐུལ་ལྕག་གསོ་སྐྱོང་ནང་འདྲེེན་རྩ་དོན(ཚོད་ལྟ)》དཔར་འགྲེམ་བྱས་ཏེ། ལོ་རེར་ཆེད་སྤྱོད་མ་དངུལ་སྒོར་ཁྲི100ཡི་འཇོན་མིའི་འཕེལ་རྒྱས་སྒྲིག་བཀོད་བྱས་ཏེ། ཞིང་སྡེའི་ལས་སྐྲུན་སྣེ་ཁྲིད་མི་སྣའི་རོགས་སྐྱོར་འཆར་གཞི་ལག་བསྟར་བྱས་པ་དང་། ཆ་རྐྱེན་དང་མཐུན་པའི་མཉམ་ལས་ཁང་དང་།ཁྱིམ་ཚང་ཕྱུགས་རར་ལས་སྐྲུན་རོགས་སྐྱོར་ལག་བསྟར་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།