ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་གྱི་ཏུང་ཧྲི་ཀྲང་སུང་ཧའེ་ལང་འཁོར་དང་བཅས་པར་བཞུགས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་སུང་ཧའེ་ལང་འཁོར་དང་བཅས་པར་ཟི་ལིང་དུ་བཞུགས་མོལ་གནང་བ་དང་། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་གཉིས་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་གཞིར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་གྱི་ཏང་ཨུའི་རྒྱུན་ཨུའམ་སྤྱི་གཉེར་པ་གཞོན་པ་ཝུའུ་ཡུན་གཉིས་ཀྱིས་ཕྱོགས་གཉིས་ཀའི་ཚབ་བྱས་ནས་གྲོས་གཞིར་མིང་རྟགས་བཀོད།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་སུང་ཧའེ་ལང་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་གྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོང་གཉིས་ཀྱིས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱས་པ་དང་། ལྷག་པར་དུ་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད། མུ་མཐུད་དུ་ངོས་འཛིན་ཇེ་ཟབ་དང་སྤྱི་འདོམས་ལ་ཤུགས་བསྣན་པ། འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་ཕྱོགས་ལྔ་གཞི་གཅིག་གི་སྐུལ་འདེད་གནས་སྟངས་བསྐྲུན་པ་བརྒྱུད་ནས། ནུས་ཁུངས་དྲ་བ་དང་གློག་ཁུར་ནུས་གསོག་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དུས་མཚུངས་སུ་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཕུན་སུམ་ཚོགས་པ་དང་མ་རྩའི་དགེ་མཚན་མངོན་གསལ་ཡིན་པ། འཕེལ་རྒྱས་བར་སྟོང་ཡངས་པ་སོགས་ཀྱི་ཆ་རྐྱེན་ལེགས་པོར་བརྟེན་པ་དང་། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས་ཐོན་ལས་གསར་སྐྲུན་འདྲེས་སྦྱོར་ལ་སྐུལ་འདེད་བཏང་ནས། ལྗང་མདོག་རྩིས་ཤུགས་སྣེ་ཁྲིད་ཡིན་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་མྱུར་ཏུ་འཕེལ་རྒྱས་སུ་བཏང་། ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་ནི་རང་རྒྱལ་གྱི་ནུས་ཁུངས་གློག་ཤུགས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་རྒྱལ་ཁབ་ཀྱི་རུ་ཁག་དང་གཙོ་ཤུགས་དམག་ཡིན་པས། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་སོ་སོའི་དགེ་མཚན་འདོན་པ་དང་། ཐེངས་འདིའི་སྒྲོམ་གཞིའི་གྲོས་གཞིའི་ནང་དོན་ཁག་དངོས་འབེབས་ལེགས་པོ་བྱེད་པ། ཁྱབ་ཁོངས་མང་པོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་ཀྱིས་ཐཱན་ཟུང་དམིགས་འབེན་མངོན་དུ་འགྱུར་བར་རོགས་རམ་བྱེད་པའི་ཁྲོད་བྱས་རྗེས་སྔར་ལས་ཆེ་བ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།

སུང་ཧའེ་ལང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ། ཁོང་གིས་ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་གྱིས་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པར་དམིགས་པ་དང་། གསར་གཏོད་དང་ལྗང་མདོག གྲངས་ནུས། མཉམ་འདྲེས་བཅས་སྲོག་ཤིང་འཕེལ་རྒྱས་འདུ་ཤེས་ལ་དམིགས་པ། དྲ་བ་བདུན་འདྲེས་སྦྱོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ། ཕྱོགས་སྒྱུར་ཆེན་མོ་བཞིའི་གོམ་སྟབས་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་ནས། གསར་པ་བཞིའི་ནུས་ཁུངས་འཛུགས་སྐྲུན་སྟེགས་བུ་རྒྱུད་ཁོངས་ལྡན་པར་བཙུགས། མཚོ་སྔོན་ལ་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཆ་རྐྱེན་འཛོམས་པ་དང་། ཡུལ་ཁོངས་གནས་ཡུལ་གྱི་དགེ་མཚན་མངོན་གསལ་ཡིན་པ། འཕེལ་རྒྱས་མདུན་ལྗོངས་ཡངས་པས། ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་གྱི་ཡུལ་ཁོངས་ཁྲོམ་ར་གལ་ཆེན་ཞིག་ཡིན། ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་ཟབ་མོར་བྱེད་པ་དང་། རང་སྟེང་གི་དགེ་མཚན་ཕུན་སུམ་ཚོགས་པར་འདོན་པ། རྣམ་པ་གསར་པའི་ནུས་གསོག་མནའ་མཐུན་སོགས་སྟེགས་བུར་བརྟེན་པ། ལྗང་མདོག་རྩིས་ཤུགས་དང་ནུས་ཁུངས་གློག་ཤུགས། རྣམ་པ་གསར་པའི་ནུས་གསོག གཞི་གཅིག་ཅན་ཆིང་ནུས། གྲོང་ཁྱེར་ཕྱོགས་བསྡུས་གསར་སྤེལ། སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་ཁྱབ་ཁོངས་ནས་མཚོ་སྔོན་དང་མཉམ་དུ་མཉམ་ལས་མཉམ་རྒྱལ་གྱི་སྦྲེལ་གནས་དང་རིན་ཐང་ཡོད་ས། གསར་གཏོད་གནས་འཚོལ་ཞིབ་བྱེད་པ། ཚད་ཤིང་ཐོན་རྫས་སྐོར་ཞིག་ལག་རྡང་སྦྲེལ་ནས་བསྐྲུན་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་བྱེད་པར་ནུས་ཁུངས་འཛུགས་ཀྱིས་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་བསམ་ཚུལ་བསྟན། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།