ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཕྱི་རྒྱལ་གྱི་གྱད་མིའི་འགྲན་བསྡུར་ཁྲོད་ནང་ཆེན་རྫོང་གི་ལུས་རྩལ་པ་གཉིས་ཀྱིས་བྱ་དགའ་ཨང་དང་པོ4བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ནས་ཚེས14ཉིན་བར་ཀྲུང་གོའི་ལུས་རྩལ་རྒྱན་ཤོག2024ལོའི་ཀྲུང་གོའི་ཁྲུང་ཆིང་ཧྥེང་ཏུའུ་ལྷ་ཁང་གི་འདུ་ཚོགས་དང་ཀྲུང་གོ་དང་ཕྱི་རྒྱལ་ཁབ་ཀྱི“གྱད་མིའི”འགྲན་བསྡུར་དེ་ཁྲུང་ཆིང་ཧྥེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆན་རྫོང་གི་བོད་རིགས་ལུས་རྩལ་པ་ཕུལ་བྱུང་བཀྲ་ཤིས་དང་འཇིགས་མེད་གཉིས་འགྲན་བསྡུར་ཁྲོད་ཞུགས་པ་དང་ཀུན་གྱི་དོ་སྣང་བྱེད་སར་གྱུར་ཡོད། ཕུལ་བྱུང་བཀྲ་ཤིས་ཀྱིས་བྱེ་ཁུག་ཕྲག་འགོ་འཇོག་པ་དང་འགྱིག་འཁོར་སློག་པ། རྡོ་ཡི་སྤོ་ལོ་ཁུར་ནས་འགྲོ་བ་སོགས་བྱ་དགའ་ཨང་དང་པོ་གསུམ་བླངས་པ་དང་། འཇིགས་མེད་ཀྱིས་བྱེ་ཁུག་ཕྲག་འགོ་ཁུར་བའི་རྣམ་གྲངས་ལས་བྱ་དགའ་ཨང་དང་པོ་ཐོབ།

ཐེངས་འདིའི་འགྲན་བསྡུར་ནང་ཀྲུང་གོ་དང་ཨུ་རུ་སུ། བྷང་ག་ལ། ཙམ་པ་པུ་ཝེ། པེ་ཉིང་སོགས་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་ལུས་རྩལ་པ200ལྷག་ཞུགས་ཡོད་པ་དང་། ལུས་རྩལ་པ་ཚོས་མཁྲེགས་བཟང་འཐེན་རྒྱུ་དང་། མཁྲེགས་བཟང་ཡར་འདེབས། ལྗིད་ཚད་རྒྱ་མ་སྟོང་གི་ཁུར་པོ་ཡར་འཇོོག་པ། རྡོ་ཡི་སྤོ་ལོ་འཁྱེར་ནས་བརྒལ་བ། འགྱིག་འཁོར་སློག་རྒྱུ། དངོས་པོ་ལྗིད་པོ་ཁྱེར་ནས་འགྲོ་བ་སོགས་ཀྱི་རྣམ་གྲངས་བརྒྱུད་སྟོབས་ཤུགས་འགྲན་བསྡུར་བྱས།

འགྲན་རའི་སྟེང་། ཕུལ་བྱུང་བཀྲ་ཤིས་ཀྱི་གཟེངས་སུ་ཐོན་པའི་རྣམ་འགྱུར་གྱིས་ཡུས་ཧྲུའུ་ལུས་རྩལ་པ་ཚོར་གཟི་བརྗིད་ཐོབ་པ་མ་ཟད། ཀྲུང་གོའི་གྲངས་ཉུང་མི་རིགས་ལུས་རྩལ་པའི་ཉམས་འགྱུར་དང་སྟོབས་ཤུགས་ཀྱང་མངོན་ཡོད། ཕུལ་བྱུང་བཀྲ་ཤིས་ཆུང་དུས་ནས་ལུས་རྩལ་ལ་དགའ་ཞེན་ཆེ་བ་དང་། ལོ་མང་པོ་རིང་སྦྱོང་བརྡར་དང་འབད་བརྩོན་བྱས་པ་བརྒྱུད་སྟོབས་ཤུགས་ལུས་རྩལ་ཁྱབ་ཁོངས་སུ་རིམ་བཞིན་གཟེངས་སུ་ཐོན་པ་མ་ཟད་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལུས་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཐེངས་མང་པོ་ཐོབ་པ་རེད།  །

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།