ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་རིག་གནས་དྲིལ་བསྒྲགས་ཡན་ལག་རུ་ཁག་ཆུང་བས་དཔྱིད་དུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་རིག་གནས་དྲིལ་བསྒྲགས་ཡན་ལག་རུ་ཁག་དང་ཟི་ལིང་གྲོང་ཁྱེར་དམངས་དམག་རིག་གནས་དྲིལ་བསྒྲགས་ཡན་ལག་རུ་ཁག་གིས་མི30ལྷག་རྩ་འཛུགས་བྱས་ནས་དྲིལ་བསྒྲགས་རུ་ཁག་བཙུགས་པ་དང་། གཞི་རིམ་དུ་བསྐྱོད་དེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་རྒྱལ་སྲུང་སློབ་གསོ་སྤེལ།

སྒྲོག་འགྲེལ་རུ་ཁག་གིས་གོ་སླ་བ་དང་མཐོང་རྒྱུར་དགའ་བའི་བྱ་ཐབས་སྤྱད་དེ། ཏང་ཀྲུང་དབྱང་གི་དམངས་ཕན་དང་དམངས་ཕན་སྲིད་ཇུས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཁྲོད་ཚང་མས་དོ་ཁུར་ཆེན་པོ་བྱེད་པའི་གླེང་མང་བའི་གནད་དོན་དེ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་སླ་བའི་སྒོ་ནས་གསལ་འགྲེལ་བྱས། གསོན་ཉམས་ལྡན་ཞིང་དང་ལེན་བྱེད་སླ་བའི་སྒྲོག་འགྲེལ་བྱས་པ་དེས། ཏང་གི་སྐད་སྒྲ་བཟང་པོ་གཞི་རིམ་མི་རིགས་སོ་སོའི་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་ནས། ཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བརྩེ་སེམས་དངོས་སུ་ཚོར་ཐུབ་པར་བྱས།

ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་ཞིང་ཆེན་དམག་ཁུལ་གྱིས“དམར་སྔོན་མཉམ་འདྲེས”ལག་བསྟར་བྱ་རྒྱུ་དེ་སྣེ་ཁྲིད་དུ་བྱས་ནས་སྟོབས་ཤུགས་བསྡུ་སྒྲིལ་དང་གོང་འོག་མཉམ་འགུལ་བྱས་ནས“1+8+N”རིག་གནས་དྲིལ་བསྒྲགས་ཡན་ལག་རུ་ཁག་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་ཟབ་ཞུགས་བྱས་ནས“ཤང་བརྒྱ་དང་སྡེ་བ་སྟོང་། དུད་ཚང་ཁྲི་ལ་འཚམས་འདྲི་བྱེད་པ”སོགས་བྱེད་སྒོ་སྤེལ་བ་དང་། མང་ཚོགས་དང་སློབ་མ་མི་ཐེངས་ཁྲི10ལྷག་བྱ་འགུལ་ནང་ཞུགས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་རྒྱལ་སྲུང་སློབ་གསོ་ལས་ཁུངས་དང་གྲོང་གསེབ། སྡེ་ཁུལ། ཁེ་ལས་དང་སློབ་ར། དགོན་པ་བཅས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ། ཁྱབ་རྒྱ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་མཚོ་སྔོན་གྱི་མིང་རྟགས་བསྐྲུན་པའི་བགྲོད་ལམ་སྟེང་བསྐྱོད་པར་སྐུལ་འདེད་བྱས།  །  

 
རྩོམ་སྒྲིག་པ། : 才让尖措