ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སྡེ་ཁག་གི་ཆེད་དོན་ཟུར་ཁྲིད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཧོ་ཝུན་ཀོ་གདན་དྲངས་ནས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པར《ཀྲུང་གོ་གུང་ཁྲན་ཏང་གི་གཅིག་གྱུར་འཐབ་ཕྱོགས་ཡུལ་དངོས་བྱ་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》)ཆེད་དོན་ཟུར་ཁྲིད་བྱས། 

ཧོ་ཝུན་ཀོ་ཡིས་དུས་ཡུན་རིང་བོར་གཅིག་གྱུར་འཐབ་ཕྱོགས་དང་། ཕྱི་སྡོད་ལས་དོན་བྱ་བའི་གཞུང་ལུགས་སྲིད་ཇུས་ཞིབ་འཇུག་བྱ་བ་གཉེར་བ་དང་། 《སྲོལ་ཡིག》བཟོ་བཅོས་ཁྲོད་ཞུགས་ཤིང་། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་སྲིད་ཇུས་ཞིབ་འཇུག་བྱ་བའི་ཆེད་མཁས་པ་ཡིན། བཞུགས་མོལ་ཁྲོད། ཁོས《སྲོལ་ཡིག》བཟོ་བཅོས་ཀྱི་རྒྱབ་ལྗོངས་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་གོ་གནས་གལ་ཆེན་གྱི་ནུས་པ་དང་དམ་དུ་འབྲེལ་ཏེ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་བྱ་བའི་ལས་འགན་དང་གཙོ་གནད་ལ་ཤུགས་སྣོན། ཏང་ཕྱིའི་མི་སྣའི་འཐུབ་ཚབ་པའི་དཔུང་ཁག་འཛུགས་སྐྲུན། གཟབ་ནན་སྒོས《སྲོལ་ཡིག》ལག་ལེན་དོན་འཁྱོལ་སོགས་ཐད་མ་ལག་གཞུང་ལུགས་འགྲེལ་བརྗོད་དང་། ལག་ལེན་ཀློག་འགྲེལ་བྱས་པ་དང་། བརྗོད་དོན་གསལ་ཞིང་། གཙོ་གནད་འབུར་ཐོན་ཡིན་པ། ཚོགས་ཞུགས་པ་ཚོར་གཞུང་ལུགས་ཟུར་ཁྲིད་དང་ལས་གཉེར་མཛུབ་སྟོན་སློབ་ཁྲིད་ལེགས་པོ་ཞིག་བྱས། 

《སྲོལ་ཡིག》ནི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྩ་བའི་བརྩི་སྲུང་ཡིན་པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་བྱ་བ་སྒྲུབ་མཁན་གྱི་ངེས་སྦྱོང་སློབ་ཁྲིད་ཞིག་ཀྱང་ཡིན། ཟུར་ཁྲིད་བཞུགས་མོལ་གྱིས་འཐབ་ཕྱོགས་གཅིག་གྱུར་ལས་སྒྲུབ་པའི་ཁོང་དུ་ཆུད་པ་དང་། ཞིབ་ཕྲའི་དབང་ཆ་དོ་མཉམ་གྱིས། ང་ཚོས《སྲོལ་ཡིག》གི་དགོངས་དོན་ངོ་བོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཤིང་། གཙོ་བོ་ནང་དོན་དང་ལག་ལེན་གྱི་བླང་བྱ་ཡིན་པ་རེད། ཏན་ཏིག་གིས་བཞུགས་མོལ་ལ་ཉན་རྗེས། ཚང་མས། སྔར་ལས་ལྷག་པའི་སྒོ་ནས《སྲོལ་ཡིག》ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་། 《སྲོལ་ཡིག》སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་སྒོས། ལས་འགན་དང་སྒྲིག་ལམ་བརྩི་སྲུང་བྱས་ཏེ། ཁྱོན་ཡོངས་ནས་རྟོག་ཞིབ་ཞིབ་འཇུག་དང་གནད་དོན་ཐག་གཅོད། མཐུན་སྒྲིལ་ཁྲིད་སྟོན། བདེན་འཚོལ་གསར་གཏོད་ཀྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་ཡིན་པའི་འདོད་ཚུལ་བསྟན། ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སྡེ་ཁག་གི་ཆེད་དོན་ཟུར་ཁྲིད་བྱས།

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།