ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི6གསར་སྣོན་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས11ཉིན། གསར་འགོད་པས2024ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ད་ལོར་རང་ཞིང་གིས་ཕྱེ་ཐུག་དང་། མཚོ་སྔོན་གཙགས་དྲུབ་སོགས་ཁྱད་ལྡན་ངལ་རྩོལ་ཟོང་རྟགས་སྐོར་ཞིག་ལེགས་པོར་སྒྲུབ་པ་དང་། ཞིང་བ་ལས་བཟོ་བ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། མཁར་གྲོང་འཚོ་བར་དཀའ་ཁག་ཡོད་པའི་མི་སྣ། དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་དང་རོགས་སྐྱོར་བྱ་བར་དམ་འཛིན་བྱས་ཏེ། ཁ་གསབ་རང་བཞིན་གྱི་ཆེད་ལས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི9བྱས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གསར་སྣོན་ལས་ཞུགས་པ་མི་ཁྲི6དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གནས་སྤོར་མི་ཐེངས་ཁྲི106མངོན་འགྱུར་བྱུང་། 

ད་ལོར་རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་རང་བཞིན་གྱི་ལས་གནས་འགན་སྲུང་བྱ་བ་ཤུགས་དྲག་ཏུ་བཏང་བ་དང་། གཞུང་ཞབས་པ་གཅིག་གྱུར། ལས་དོན་ལས་ཁུངས་ཀྱི་ལས་མི་བསྡུ་བ། རྒྱལ་གཉེར་ཁེ་ལས་ཀྱི་བསྡུ་ལེན། “གསུམ་འདེགས་གཅིག་སྐྱོར”འཆར་གཞི། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུ་སོགས་ཀྱི་ལས་གཞི་བརྒྱུད་དེ། ཐབས་ལམ་མང་པོའི་ལས་ཞུགས་འགན་སྲུང་ནུས་པ་འདོན་སྤེལ་བྱས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་པར་ལས་ཞུགས་ལས་གནས8200མཁོ་འདོན་བྱས། དེའི་ཁྲོད་གཞུང་ཞབས་པ་དང་། འདེམས་སྒྲུག་པའི་ལས་གནས1500། ཁེ་ལས་ལས་དོན་ལས་ཁུངས་ཀྱི་ལས་གནས3600།གསུམ་འདེགས་གཅིག་སྐྱོར”འཆར་གཞི1600། སློབ་ཆེན་སློབ་མའི་དང་བླངས་པ1500བཅས་ཡིན། 

དུས་མཚུངས་སུ། ཐོན་ལས་དང་ཁེ་ལས་འཕེལ་རྒྱས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་རྫས་ལས་བསྣོན། ཚན་རྩལ་གསར་གཏོད་སོགས་གཙོ་གནད་ཁྱབ་ཁོངས་དང་དམ་དུ་འབྲེལ་ཏེ། ལོ་ནང་ལས་ཞུགས་ནུས་ཤུགས་ཆེ་བའི་ལས་རིགས་གསར་སྐྲུན་ལས་གནས2140(དེའི་ཁྲོད་དག་གཙང་ནུས་ཁུངས་ཐོན་ལས་ལས་གནས800དང་། ཚྭ་མཚོའི་ཐོན་ལས་གསར་སྐྲུན་ལས་ཞུགས་ལས་གནས200རིག་གནས་ཡུལ་སྐོར་ཐོན་ལས་གསར་སྐྲུན་ལས་གནས430། ཞིང་ཕྱུགས་ལས་ཐོན་རྫས་གསར་སྐྲུན་ལས་ཞུགས་ལས་གནས360། གྲངས་འཛིན་དཔལ་འབྱོར་ཐོན་ལས་གསར་སྐྲུན་ལས་ཞུགས་ལས་གནས300། སྐྱེ་དངོས་སྨན་རྫས་ལས་སྣོན་ཐོན་ལས་གསར་སྐྲུན་ལས་གནས50)དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས། ལས་ཞུགས་རོགས་སྐྱོར་ཟླ་བ་དང་། དཔྱིད་རླུང་བྱ་འགུལ། སློབ་རའི་ཆེད་དོན་བསྡུ་ལེན་སོགས་ལས་ཞུགས་ཞབས་ཞུའི་བྱ་འགུལ་ཐེངས200སྤེལ། གཙོ་གནད་ཁེ་ལས་ཀྱི་ལས་བཀོལ་རྩིས་ཐོ་གསར་སྐྲུན་བྱས་པ་དང་། མི་དོན་ཁེ་ལས་སུ་སྡོད་པའི་ཞབས་ཞུའི་ཆེད་མི་སྒྲིག་བཀོད་བྱས་ཏེ། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་གཅིག་གྱུར་ལས་བཀོལ་ལས་གནས་དང་། ཆེད་དོན་བསྡུ་ལེན། ཕྱོགས་གཉིས་དྲིལ་སྒྲོག ནུས་མཐོའི་ཁེ་ལས་ལས་བཀོལ་བ་དང་ངལ་རྩོལ་ནུས་ཤུགས་དགོས་མཁོ་སྡེབ་སྒྲིག་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།