ཀྲུང་གོ་བོད་ཀྱི་དྲ་བ།

“རི་མགོ་ཆུ་ཁུངས.རབ་མཛེས་མཚོ་སྔོན”ཞེས་པའི་དཔྱིད་དུས་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན“རི་མགོ་ཆུ་ཁུངས.རབ་མཛེས་མཚོ་སྔོན”ཞེས་ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་རིག་གནས་ཡུལ་སྐོར་རབ་དང་རིམ་པ་དང་མཚོ་ལྷོ་ཁུལ་ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་བཅོ་བརྒྱད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ་མགོ་ཚུགས་པ་དང་། “རི་མགོ་ཆུ་ཁུངས.རབ་མཛེས་མཚོ་སྔོན”ཞེས་པའི་དཔྱིད་དུས་སྤྲོ་སྣང་ཡུལ་སྐོར”དངོས་སུ་མགོ་ཚུགས་པ་མཚོན།

ཐེངས་འདིའི་བྱེད་སྒོའི་ནང་ཆེས་རྒྱ་ཁྱབ་ཀྱི་འགྲེམ་སྟོན་གར་སྟེགས་དང་ཆུ་ཚད་མཐོ་བའི་རིག་གནས་ཡུལ་སྐོར་གྱི་གསོལ་སྟོན་གཟབ་རྒྱས་བྱ་རྒྱུ་ཡིན་པ་དང་། ངོ་མཚར་ཆེ་བའི་རིག་གནས་དང་ཡུལ་སྐོར་གྱི་བརྗོད་དོན་བྱེད་སྒོ་ཟླ5པའི་ཟླ་མཇུག་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན། དེའི་སྐབས་སུ་དཔྱིད་ཀྱི“སྒྱུ་རྩལ”གྱི་རྣམ་པ་འཕེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་རྒྱུ་རྩལ་འཁྲབ་སྟོན་དང་དཔྱིད་ཀའི་དུས་ཀྱི་དཔེ་ཀློག་བྱ་འགུལ།  རིག་གནས་འགྲེམ་སྟོན་རོལ་མྱོང་། སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་ཐང་ཆེན་ཞབས་བྲོ་འགྲན་བསྡུར། ཤུལ་བཞག་རིག་དངོས་སྲང་ལམ་དུ་འགྲེམ་སྟོན་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་འོས་སྦྱོར་སོགས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་། ཁྱད་ལྡན་ཞིམ་ཟས་མྱོང་བ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་སྐུལ་འདེད་སོགས་རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ300ལྷག་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་། ཁྱོན་ཡོངས་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་འོས་སྦྱོར་བྱས་ཏེ། ཡུལ་གྲུ་འདིའི་སྣ་མང་རིག་གནས་དང་ཡུལ་སྲོལ། རི་ཆུ། བཟའ་བཏུང་རིག་གནས། མཛེས་ལྗོངས་དང་རིག་གནས་སོགས་འགྲེམ་སྟོན་བྱ་རྒྱུ་རེད། 

དུས་མཚུངས་སུ་ཟི་ལིང་གྲོང་ཁྱེར་ནས་ཁྲི་ཀ་རྫོང་དང་། ཟི་ལིང་གྲོང་ཁྱེར་ནས་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་མཚེ་མགུར་གྲོང་རྡལ་ནས་གཅན་ཚ་རྫོང་། ཟི་ལིང་གྲོང་ཁྱེར་ནས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས། ལི་ཏུའུ་ཆུས། མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་བཅས་ནས་དཔའ་ལུང་རྫོང་བཅས་ཀྱི“དཔྱིད་ཀའི་མེ་ཏོག་གང་སར་བཞད་པ་དང་། ཁྱེད་རང་གནས་སྐོར་ལྗོངས་རྒྱུ་རུ་ཕེབས་པར་དགའ་བསུ་ཞུ”ཞེས་པའི་དཔྱིད་དུས་ཡུལ་སྐོར་ལམ་ཐིག་སྤུས་ལེགས་གསུམ་བཏོན་ཏེ། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་ཚོས་མཐོ་སྒང་གི་དཔྱིད་དུས་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དང་། ཐོན་རྫས་གསར་པ་དང་བྱེད་སྒོ་གསར་པ། རོལ་རྩེད་བྱེད་སྟངས་གསར་པ་བཅས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད་འཐབ་ཇུས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམིགས་བསལ་གྱི་ས་ཁོངས་རིག་གནས་དང་གྲོང་ཁྱེར་གྱི་ཉམས་འགྱུར་སྔོག་འདོན་བྱེད་པ་བཅས་མངོན་འགྱུར་བྱས་ནས་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འདུས་སྡོད་ཁུལ་དང་། གཙོ་གནད་ཚོང་ར་ཁུལ། མིང་རྟགས་ཁེ་ལས་མཉམ་འགུལ་རྩ་འཛུགས་བྱས་ཏེ“མཚན་མོའི་ཉོ་སྒྲུབ་དང་མཚན་མོའི་ཟས་རིགས་ལོངས་སྤྱོད། མཚན་མོའི་ཡུལ་སྐོར་རོལ་རྩེད་སོགས་ཀྱི་འཛད་སྤྱོད་བྱེད་སྒོ་སྤེལ་བ་སོགས་སྤུས་ཚད་མཐོ་བའི་ཚོང་ཟོག་མཁོ་འདོན་ལ་བརྟེན་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་དང་། གཞི་ཁྱོན་དང་རྒྱུག་ཚད་ལ་བརྟེན་ནས་གྲོང་ཁྱེར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།