ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་བརྟན་བརླིང་ངང་འཕར་སྣོན་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཁྲོམ་རར་གསོན་ཤུགས་གསར་པ་རྒྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དྭངས་གསལ་དུས་ཆེན་གྱི་ངལ་གསོའི་སྐབས་སུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་ནང་མི་ཚོགས་ཀྱིས་ཁེངས་འདུག་ལ། དཔྱིད་ཀྱི་དུས་སུ་ཡུལ་སྐོར་ལྗོངས་རྒྱུ་བྱེད་པ་དང་། ཚོང་ར་ནང་དུ་ཚོང་ཟོག་ཉོ་བ། ལུས་རྩལ་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བར་མི་ཚོགས་འདུས་ཡོད་པས། ཁྲོམ་ར་ནང་དུ་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད། ད་ལོ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱིས་སྔོན་ལ་བྱ་འགུལ་སྤེལ་བ་དང་རང་འགུལ་གྱི་གྲ་སྒྲིག་ལེགས་པོ་བྱེད་པ། གཅིག་གྱུར་ངང་འཆར་འགོད་བྱེད་པ། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བ། ཚད་མང་བ་བཅས་ཀྱི་སྒོ་ནས་དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་།

ཡུས་ཧྲུའུ་ཁུལ་གྱིས་གལ་ཆེའི་དུས་ཚོད་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་བརྗོད་དོན་གཙོ་བོའི་རིམ་སྤེལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐེངས6སྤེལ་བ་དང་། ཞིང་ཆེན་རིམ་པ་དང་མཉམ་དུ2024ལོའི་དྲ་སྟེང་གི་ལོ་གསར་མཁོ་ཆས་དུས་ཆེན་དུས་མཉམ་ཏུ་སྤེལ་བ། ཡུས་ཧྲུའུ་ཁུལ་གྱི་དྲ་གྲགས་དང་དྲ་སྟེང་གི་མདོ་འཛིན་པས་ཐོན་རྫས་ལ་ཟོག་འདྲེན་བྱེད་པའི་ལེགས་ཆ་འདོན་སྤེལ་བྱས་ནས། ཡུས་ཧྲུའུ་ཁུལ་གྱི་ཐོན་རྫས་འགྲེམ་ཚོང་ལ་སྐུལ་འདེད་བཏང་། ས་ཁུལ་སོ་སོས་གཙོ་གནད་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། འབྲུ་སྣུམ་ཚོང་ཁང་སོགས་ཀྱིས་འདར་དབྱངས་ལས་ཐད་གཏོང་བྱས་ཏེ་ཚོང་ཁང་གི་དྲ་ཐོག་དང་ཡུལ་དངོས་དུས་གཅིག་ཏུ་ཕྱིར་ཚོང་བྱེད་པའི་རྣམ་པ་གསར་པ་བཏོད་པ་བརྒྱུད། དུས་ཆེན་སྐབས་ཀྱི་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་དང་། མིག་སྔའི་བར་ཁུལ་ཡོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་ཁྲི35བཏང་ནས། རིགས་མི་གཅིག་པའི་འཛད་སྤྱོད་འཛིན་ཤོག་ཁྲི1.7ལྷག་འགྲེམ་གཏོང་བྱས་པ་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་སྒོར་ཁྲི2500ལྷག་ལ་སྐུལ་འདེད་བྱས།

དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོར་བརྟེན་ནས་འཛད་སྤྱོད་ཀྱི་དོ་སྣང་བྱེད་པའི་གནད་དོན་ལ་སྐུལ་སྤེལ་བཏང་སྟེ“སྲིད་གཞུང་གིས་སྟེགས་བུ་སྐྲུན་པ་དང་། ཁེ་ལས་ཀྱིས་གཙོ་འགན་ཁུར་བ། མང་ཚོགས་ལ་ཕན་ཁེ་ཐོབ་པ”བཅས་ཀྱི་མཉམ་ལས་གཉིས་ཕན་གྱི་རྣམ་པ་བརྒྱུད་དེ། པེ་ཅིན་དང་ཅང་སུའུ་ཞུས་ཀྲོའུ་རུ་རྣམ་གྲངས་འོས་སྦྱོར་དང་ཐོན་རྫས་འགྲེམ་ཚོང་བྱེད་སྒོ་སྤེལ་བ་དང་། ཁེ་ལས22ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས50ལྷག་མཉམ་དུ་གླེང་བཞིན་པའི“པེ་ཅིན་དང་ཡུས་ཧྲུའུ”ཡི་བརྩེ་སེམས་དང་། “ཅང་སུའུ་དང་མཚོ་སྔོན”གྱི་གསེར་ཟམ་དང་འབྲེལ་ཐག་ཏུ་གྱུར་ནས། ཡུལ་དངོས་སུ་བྲིན་ཚོང་བྱེད་ཚད་སྒོར་ཁྲི43ལྷག་ཟིན་ཡོད་ལ། ཡུས་ཧྲུའུ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཟི་ལིང་འགྲེམ་ཚོང་འོས་སྦྱོར་བྱེད་སྒོ་སྤེལ་བ་བརྒྱུད་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་ཁྲི20བཏང་བ་དང་། “དྲ་ཐོགAppསྤྲོད་པའི”གློག་རྡུལ་འཛད་སྤྱོད་འཛིན་ཤོག་འགྲེམ་གཏོང་བྱས་པ། ཁེ་ལས43གྱིས“ཐོན་རྫས་འགྲེམ་སྟོན་དང་རྣམ་གྲངས་འོས་སྦྱོར། དྲ་རྒྱའི་ཐད་གཏོང་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་སྣ་ཚོགས་བརྒྱུད། ཡུས་ཧྲུའུ་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུ་དང་། སྐམ་ཤའི་རིགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས70ལྷག་འགྲེམ་སྟོན་བྱས་པ་དང་། བསྡོམས་པས་བྲིན་ཚོང་ཡོང་འབབ་སྒོར་ཁྲི300ལྷག་ཟིན་ནས་འཛད་སྤྱོད་པར་ཕན་ཁེ་ཐོབ་པ་དང་ཁེ་ལས་ཀྱི་ཕྱིར་འཚོང་ཐད་གྲུབ་འབྲས་ལེགས་པོ་ཐོབ་པས། འཛད་སྤྱོད་ཐད་དཔྱིད་ཀྱི་དཔལ་ཡོན་རྒྱས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།