ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན་ཀྲུང་གོ་ཚན་རིག་གླིང་ཡོན་ཧྲི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚན་རིག་གླིང་གི་ཡོན་ཧྲིའམ། ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་ལུགས་ཀྱི་དགེ་རྒན་ཚོགས་པའི་སྣེ་ཁྲིད་པ་ཧོང་ཅན་ཕིང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སྙན་ཞུའི་ཚོགས་འདུའི་སྟེང་གཏམ་བཤད་པ་དང་། སྙན་ཞུ་ཚོམས་ཆེན་དུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་དགེ་སློབ1126བྱ་འགུལ་ལ་ཞུགས།

བྱ་འགུལ་འདི་ནི་སློབ་གསོ་པུའུ་དང་ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་བཟོ་སྐྲུན་གླིང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་སྒྲུབ་འགན་འཁུར་བའི“ཡོན་ཧྲི་དགེ་འོས་སློབ་གླིང་དུ་བསྐྱོད་པའི”བྱ་འགུལ་ཞིག་ཡིན་ལ། ཡོན་ཧྲི་ཧོང་ཅན་ཕིང་འཆད་ཁྲིད་དགེ་རྒན་གཙོ་བོ་ཡིན་པའི་ཆ་ནས། མཚོ་སྔོན་དགེ་འོས་སློབ་མར་“ཤེས་རིག་གི་རྩེ་གྲ་རུ་འཛེགས་དགོས་པ་དང་ཀུན་སྤྱོད་ཐད་ལེགས་པོའི་མི་ཚད་ལྡན་ཞིག་བྱེད་དགོས”ཞེས་པའི་གསོན་ཉམས་ལྡན་པའི་སྙན་ཞུ་ཕུལ། 

སྙན་ཞུའི་ཚོགས་འདུའི་སྟེང་ཡོན་ཧྲི་ཧོང་ཅན་ཕིང་གིས2003ལོར་སློབ་དཔོན་གྱི་ཡོན་ཧྲི་ཁྲུག་ཅི་ཧྥན་གྱིས“རྒྱལ་ཁབ་ཀྱི་དགོས་མཁོ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བའི”འབོད་སྐུལ་དང་ལེན་བྱས་ཏེ། རྒྱལ་ནང་དུ་ཕྱིར་ལོག་བྱས་ནས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སོང་ནས་ཕྱེད་ཐན་པའི་གནམ་གཤིས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཞིབ་འཇུག་ནང་ཞུགས་ཏེ། ནུབ་བྱང་ས་ཁུལ་གྱི་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་ལྟ་ཞིབ་ཚད་འཇལ་ས་ཚིགས་ཐོག་མ་བཙུགས་པ་དང་། ཁོང་གིས་སྣེ་ཁྲིད་པའི་རླུང་ཁམས་ཆེན་མོའི་ཚན་རིག་ཚན་ཁག་དེ་སློབ་གསོ་པུའུ་ཡི“རྩེ་གྲ་གཉིས”འཛུགས་སྐྲུན་རིག་ཚན་ནང་བདམས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཕྱིར་དྲན་བྱས།

“བརྟན་སྲུང་བྱེད་པར་དགའ་ཞེན་ཆེན་པོ་ཡོད་པས་ཡིན” ལོ20ལྷག་གི་རིང་ལ་ཧོང་ཅན་ཕིང་གིས་ཚོགས་པ་སྣེ་ཁྲིད་དེ་བྱེ་ཐང་དུ་རྐང་ཐང་བསྐྱོད་པ་དང་མཐོ་སྒང་དུ་བསྐྱོད་པ། འཁྱགས་རོམ་སྒྲོལ་བ། ནུབ་རྒྱུད་དུ་གཞི་ཚུགས་པ། ཚན་རིག་རྟོག་ཞིབ་བཅས་བྱས་ནས་རང་ཉིད་ཀྱི་ཤེས་བྱ་ཡོད་ཚད་ནུབ་བྱང་གི་བྱེ་ཐང་ཆེན་མོ་ནང་བཀོད་པ་དང་། དཔྱད་རྩོམ་དེ་མེས་རྒྱལ་གྱི་ས་གཞི་ཆེན་མོར་བྲིས་ནས། རླུང་ཆར་ཁྲོད་ནས་སྙིང་སྟོབས་འཕེལ་བ་དང་། སློབ་གསོའི་ལག་ལེན་དངོས་ལ་བརྟེན་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་པ་མ་ཟད། བྱ་དགའ་མང་པོ་བླངས་བ་དང་འཛམ་གླིང་གི་རྩེར་སོན་གྱི་ཞིབ་འཇུག་གྲུབ་འབྲས་ཀྱང་ཐོབ་ཡོད་པ་རེད།

སྙན་ཞུའི་ཚོགས་འདུའི་རྗེས་སུ། ན་གཞོན་དགེ་རྒན་དང་སློབ་མའི་འཐུས་མིས་སློབ་གསོའི་ཕུགས་བསམ་དང་རིག་གཞུང་ཤེས་བྱ་སོགས་ཀྱི་འདྲི་ཚིག་བཏོན་པ་དང་། ཡོན་ཧྲི་ཧོང་ཅན་ཕིང་གིས་འདྲི་ཚིག་ཚང་མ་ནན་ཏན་སྒོས་ལན་བཏབ་པ་དང་། “ཡོན་ཧྲིའི་གཏམ་རྒྱུད་ལ་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ང་རང་དགེ་འོས་སློབ་མ་ཞིག་ཡིན་པའི་ཆ་ནས་རྫེས་ཕྱོགས་དགེ་རྒན་གྱི་ལས་གནས་སྟེང་བསྐྱོད་རྒྱུ་ཡིན་པ་དང་། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་སོང་ནས་ཡོན་ཧྲི་མིག་དཔེ་རུ་བཟུང་དེ། སློབ་གསོའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱ་རྒྱུ་དང་། མི་སྣ་གསོ་སྐྱོང་གི་འགན་འཁྲི་འཁུར་ཕོད་པ་བཅས་བྱས་པ་བརྒྱུད། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་འོས་ཆེད་ལས་ཀྱི་སློབ་མ་ཞིག་གིས་དེ་ལྟར་བཤད།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། རྒྱུན་ལས་སློབ་གཙོ་གཞོན་པ་ཚུའེ་ཐིང་ཧུའེ་ཡིས་དུས་རབས་གསར་པའི་སློབ་གསོའི་ལས་དོན་པས་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་ལག་ལེན་དངོས་ཀྱི་ཐོག་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལག་བསྟར་བྱས་ཏེ། ཧུར་ཐག་སྒོས་སློབ་གྲྭའི་བྱ་གཞག་སོ་སོ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་དགེ་འོས་སློབ་གྲྭའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པར་བསྟན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།