ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཀུན་ཕན་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་དང་ཀུན་བཟང་སྒྲོལ་མ་གཉིས་ཀྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཀུན་ཕན་རང་ཞིན་གྱི་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར420.16ལ་སླེབས་ཡོད།

རིམ་པ་མང་པོའི་ཀུན་ཕན་དངུལ་རྩའི་མཁོ་སྤྲོད་མ་ལག་རིམ་བཞིན་ཆགས་པ་དང་། ཀུན་ཕན་དངུལ་རྩའི་ཞབས་ཞུའི་ཁྱབ་ཁྱོན་རིམ་བཞིན་རྒྱ་ཇེ་ཆེ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་རིམ་བཞིན་ཇེ་ལེགས། སྲིད་ཇུས་དང་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གྱུར་པ། ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་འཕར་ཚད་ཇེ་མང་། སྤུས་ཚད་ཇེ་མཐོ་དང་མ་རྩ་ཇེ་དམའ། དངུལ་རྩའི་ཞབས་ཞུས་གྲོང་གསེབ་དར་སྤེལ་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེ་རུ་གྱུར། “ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་དགོས”ཞེས་པ་དངོས་སུ་བཏོན་པ་ནས་ད་ལྟའི་བར་ལོ་བཅུ་འགོར་ཡོད་ལ། ལོ་ངོ་བཅུའི་རིང་དུ་མཚོ་སྔོན་གྱི་ཀུན་ཕན་དངུལ་རྩ་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་ཏེ་དངུལ་རྩའི་ཞབས་ཞུའི་ཁྱབ་ཚད་དང་། ཐོབ་རུང་བའི་རང་བཞིན། ཡིད་ཚིམ་ཚད་བཅས་མངོན་གསལ་གྱིས་ཆེ་རུ་གྱུར། 2023ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར420.16ཟིན་པ་དང2018ལོ་ནས2023ལོའི་བར་ལོ་རེར་ཆ་སྙོམས་འཕར་ཚད4.6%ཡས་མས་ཟིན་པ་དེ་དངུལ་བུན་སོ་སོའི་འཕར་ཚད་ལས་བརྒྱ་ཆའི་ཚེག1.89ཇེ་མགྱོགས་སུ་གྱུར་ཡོད།  

མཚོ་སྔོན་གྱིས་ཀུན་ཕན་དངུལ་རྩའི་སྐུལ་འདེད་ཟླ་བའི་འགུལ་སྤྱོད་ཏན་ཏིག་ངང་སྤེལ་བཞིན་པའི་སྐབས་སུ།  གསར་འགོད་པས་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་དངུལ་རྩའི་ཐོན་ཁུངས་སྔར་བས་མང་པོ་ཞིག་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སུ་བཀོད་སྒྲིག་བྱས་ནས་ཀུན་ཕན་དངུལ་རྩའི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་།  དངུལ་ཁང་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་། ཐོག་མའི་དངུལ་བུན། ཡིད་རྟོན་དངུལ་བུན། དངུལ་བུན་རྒྱུན་མཐུད། དུས་ཡུན་འབྲིང་བ་དང་རིང་བའི་དངུལ་བུན་གཏོང་ཤུགས་བཅས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་མཁོ་སྤྲོད་གཏན་འཇགས་ངང་འཕར་བ་དང་། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རིམ་བཞིན་ཇེ་ལེགས་སུ་བཏང་ཞིང་།  ཁེ་ལས་ཆུང་གྲས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ཀྱི་མ་རྩ་ཇེ་ཆུང་དུ་བཏང་། “ལས་རིགས་བརྒྱ་ཁེ་ལས་ཁྲི་ཡི་ནང་དུ་བསྐྱོད་པ”དང་།“ཁེ་ལས་ཁྲི་ཡི་ནང་དུ་བསྐྱོད་དེ་ཡིད་ཆེས་མཐོར་འདེགས་དང་ཞབས་ཞུ་བཟང་བོ་སྒྲུབ་པ”སོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་བྱེད་སྒོ་ཏན་ཏིག་ངང་སྤེལ་ནས་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཧུར་ཐག་གིས་ཇེ་ཆུང་དུ་བཏང་། “དངུལ་ཁང་དང་དཔྱ་ཁྲལ་མཉམ་འགུལ”གྱི་རྣམ་པ་ཇེ་ཟབ་ཏུ་བཏང་ནས་དངུལ་ཁང་ལས་ཁུངས་དང་ཁྲལ་དོན་སྡེ་ཚན་བར་གྱི་གཞི་གྲངས་སྦྲེལ་མཐུད་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲལ་འཇལ་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ཀྱིས་ཁེ་ལས་ཆུང་གྲས་ལ“དཔྱ་ཁྲལ་གྱིས་ཡིད་རྟོན་ལ་སྐུལ་མ་གཏོང་བ་དང་ཡིད་རྟོན་གྱིས་དངུལ་བུན་རེ་ཞུ་བྱ་རྒྱུར་རོགས་རམ་བྱས།  

“རྨང་གཞི་གཉིས་མཉམ་འགུལ”གྱི་མཉམ་ལས་དངུལ་བུན་གྱི་རྣམ་པ་ཁྱབ་གདལ་དུ་བཏང་ནས“དྲ་ཚུགས་དང་རྨང་གཞི་གཉིས་མཉམ་འགུལ་གྱི་ལས་དོན་ཁང་། གློག་རྡུལ་འཕྲུལ་ཆས། འཁོར་སྐྱོད་ཞབས་ཞུ། ཁྱབ་འགྱེད་བཅས་ཟུང་དུ་སྦྲེལ་བའི་རོང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་བཙུགས་ཏེ་དངུལ་རྩའི་ཞབས་ཞུའི“མཇུག་མཐའི་ལེ་དབར་གཅིག”ཤར་གཏོང་བྱས་ཏེ། ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུ་གྲོང་རྡལ་དང་རྨང་གཞིའི་དངུལ་རྩའི་ཞབས་ཞུ་སྡེ་བ་ནས་སྒྲུབ་ཐུབ་པ་མངོན་འགྱུར་བྱུང་། “ཡིད་རྟོན་དངུལ་བུན་ཐད་གཏོང་རླངས་འཁོར”གྱི་སྟེགས་བུ་ལ་བརྟེན་ནས་ཞིང་ལས་གཉེར་སྐྱོང་བྱེད་མཁན་གསར་བའི་གཞི་ཁྱོན་འོས་འཚམ་གྱིས་གཉེར་སྐྱོང་བྱེད་པའི་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོ་སྐོང་། ཡུལ་བབ་དང་བསྟུན་ཏེ་ས་གནས་ཀྱི་དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འགན་བཅོལ་བྱེད་པ་དང་། སྲིད་ཇུས་རང་བཞིན་ལྡན་པའི་གྲོང་གསེབ་ཀྱི་སྡོད་ཁང་འགན་བཅོལ་ཁྱབ་སྤེལ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་གནོད་འགོག་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་རོགས་བྱས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རོང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་གཏོང་སྤྲོད་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་ནས་སྒུལ་བདེའི་གཏོང་སྤྲོད་བྱེད་སྟངས་གྲོང་གསེབ་ཏུ་སྤེལ་བར་སྐུལ་འདེད་བཏང་། བཅོལ་དངུལ་གྱི་གྲབས་དངུལ་དང་། ཁ་ཕྱོགས་གཏན་ཁེལ་གྱིས་ཇེ་ཉུང་དུ་བཏང་པ་དང་། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་བསྐྱར་མ་གཏོང་བ་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་ངང་དོན་འཁྱོལ་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་སྔར་ལས་མང་པོ་ཀུན་ཕན་དངུལ་རྩའི་ཁྱབ་ཁོངས་སུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།