ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་མི9རྒྱལ་ཡོངས་ཞིང་ལས་འཕྲུལ་ཆས་བེད་སྤྱོད་ཀྱི་ཡུལ་དངོས་གཞི་རིམ་ཆེད་མཁས་པའི་མིང་མཛོད་དུ་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ལས་ཞིང་སྡེ་པུའུ་གཞུང་ལས་ཐིན་གྱིས་ཉེ་ལམ་སྐོར་ཐེངས་གསར་པའི་རྒྱལ་ཡོངས་ཞིང་ལས་འཕྲུལ་ཆས་བེད་སྤྱོད་ཀྱི་ཡུལ་དངོས་གཞི་རིམ་ཆེད་མཁས་པའི་མིང་མཛོད་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་པའོ་ཁུའེ་དང་ཁྲེན་ཡིའུ་ཀོས། ན་ཡུས་ཅེ། ཆི་དབྱིན་ཧྲན། ཡོན་ཧྥ་ཚུན། ཀའོ་ཀྲན་ཧྥུའུ། མ་ཏི་མིན། ཧན་ཅིན་ཀྲུང་སོགས་མི9དེའི་ནང་ཚུད་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་འཕྲུལ་ཆས་དངོས་སྤྱོད་འཇོན་མི་གསོ་སྐྱོང་ལ་མཐོང་ཆེན་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་དང་ཞིང་ལས་འཕྲུལ་ཆས་ལས་ཀའི་ཞབས་ཞུ་སྤུས་ཚད་མཐོར་འདེགས་སུ་གཏོང་བར་དམིགས་ཏེ། དུས་ཡུན་རིང་པོར་ཞིང་སྡེར་གཞི་ཚུགས་པ་དང་གཞི་རིམ་ཡུལ་དངོས་ལ་ཞབས་ཞུ་བྱེད་མཁན་སྐོར་ཞིག་གསོ་སྐྱོང་བྱས་ལ། ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་ལེགས་སྒྱུར་དང་ཁ་ལོ་བྱེད་པ། ཆག་སྐྱོན་བརྟག་བཅོས། ལག་རྩལ་ཁྱབ་གདལ། ལས་ཀ་ཞབས་ཞུ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་དོ་དམ། བདེ་འཇགས་ལྟ་སྐུལ་དོ་དམ། ཞིང་ལས་འཕྲུལ་ཆས་དང་ཞིང་ལས་སྒྱུ་རྩལ་མཉམ་འདྲེས། ཞིང་སའི་ཞིང་ལས་བྱ་བའི་ཆ་རྐྱེན་འཛུགས་སྐྲུན། རིག་ནུས་ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར་བེད་སྤྱོད་སོགས་ཀྱི་ཐད་ནས་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པའི་ཞིང་ལས་འཕྲུལ་ཆས་བེད་སྤྱོད་ཀྱི་གཞི་རིམ་ཡུལ་དངོས་ཀྱི་ཆེད་མཁས་པ་མང་པོ་ཡོད་པས། ཞབས་ཞུ་འདེབས་འཛུགས་ལས་རིགས་དང་ཕྱུགས་ལས། ཉ་ལས། སྒྲིག་ཆས་ཞིང་ལས། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་སོགས་ཞིང་ལས་ཐོན་སྐྱེད་གོ་རིམ་ལ་སྤྱི་འདོམས་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཕྱོགས་ཡོངས་ཀྱི་ཕན་འབྲས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་བཏོན་ནས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་འབྲེལ་མཐུད་བྱེད་པ་དང་། རང་ཞིང་གྱི་ཞིང་ལས་ཞིང་སྡེ་དེང་རས་ཅན་ཇེ་མགྱོགས་སུ་གཏོང་ཆེད་འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་བྱེད་པར་ཞིང་ལས་འཕྲུལ་ཆས་འཇོན་མིའི་རོགས་འདེགས་འདོན་སྤྲོད་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།