ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་ལན་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ལན་ཀྲོའུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ། མཚོ་བྱང་ཁུལ་རྫོང་བཞིའི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་བྱང་ཁུལ་རིག་གནས་ཁང་། མཚོ་བྱང་ཁུལ་རིག་གནས་དང་ཡུལ་སྐོར་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར་བའི“མདོག་ལྔའི་གནས་མཆོག རྨི་ལམ་ལྟ་བུའི་མཚོ་བྱང”དང“ཅིན་ཁྲེང་ལན་ཀྲོའུ”དུ་བསྐྱོད་པ་ཞེས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་སྤེལ་བ་དང་། ཕྱོགས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་ཀྱིས་མཉམ་ལས་གྲོས་མཐུན་གན་རྒྱ1000ལྷག་བཞག

འོས་སྦྱོར་ཚོགས་འདུའི་སྟེང་མཚོ་བྱང་ཁུལ་གྱིས་ཀན་སུའུ་དང་མཚོ་སྔོན་སྐོར་བའི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་དང་། ལམ་ཐིག་མཛེས་ཤོས227གྱི“རྨ་ནུབ་བར་འཁྱམས”མྱོང་རོལ་ཡུལ་སྐོར་སོགས་ཡུལ་སྐོར་ལམ་ཐིག་སྤུས་དག་འོས་སྦྱོར་བྱས་ནས་ཡུལ་སྐོར་བར་ཞིབ་ཚགས་ཡིན་པ་དང་སྟབས་བདེ་ཡིན་པའི་འགྲོ་འོང་ཐད་ཀྱི་དཔྱད་གཞི་མཁོ་འདོན་བྱས་པ་དང་། རྫོང་བཞིའི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མཚོ་སྔོན་གསེར་དངུལ་ཐང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི། མཚོ་སྔོན་མཚོ་བྱང་འགྲིམ་འགྲུལ་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་རིམ་བཞིན་སྟེགས་བུ་སྟེང་སོང་ནས་འོས་སྦྱོར་བྱས་པ་དང་། འགྲུལ་ཁུངས་ཁྲོམ་རར་དམིགས་ནས་གསེར་དངུལ་ཐང་ནས་རྡུལ་ཕྲན་གྲོང་གི་མཛེས་ལྗོངས་ཁུལ། མིན་ཡོན་གྱི་ལེ་བར་བརྒྱའི་པད་ཁའི་མེ་ཏོག་གི་མཛེས་ལྗོངས་ཁུལ། མདོ་ལའི་བཙུན་མོ་དམར་ཡག་མའི་མཛེས་ལྗོངས་ཁུལ། མཚོ་བྱང་མགྲོན་ཁང་སོགས་གཙོ་གནད་མཛེས་ལྗོངས་ཁུལ་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་ལེ་ལག་ཚང་བའི་གཟིགས་སྐྱོང་བྱ་ཐབས100ལྷག་ཁྱབ་གདལ་བཏང་སྟེ། སྔར་ལས་ལྷག་པར་ཡུལ་སྐོར་ཐད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་བཏང་བ་དང་ཡུལ་སྐོར་གྱི་ཁྲོམ་རའི་འཛད་སྤྱོད་སྔར་ལས་རྒྱ་ཆེར་བཏང་།

ལན་ཀྲོའུ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ལས་རིགས་མཐུན་ཚོགས་དང་ཡུལ་སྐོར་ལས་དོན་ཁང་། རིག་གནས་ཡུལ་སྐོར་ཁེ་ལས་གཙོ་གནད་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་དང་སྒེར་གྱི་སྨྱན་སྦྱོར་གྱི་འཐུས་མི་བཅས་མི200ལྷག་གདན་ཞུ་ལྟར་བྱེད་སྒོར་ཞུགས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།