ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང)སློབ་གཙོ(གླིང་གཙོ)གྲོས་ཚོགས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་དང་ཀུན་བཟང་སྒྲོལ་མ་གཉིས་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང)སློབ་གཙོའོ(གླིང་གཙོ)གྲོས་ཚོགས་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི (སྲིད་འཛིན་སློབ་གླིང)སློབ་གཙོ(གླིང་གཙོ)ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

ཚོགས་ཐོག་ཏུ2023ལོར་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭ(སློབ་གླིང)མ་ལག་གིས་ཐོག་མའི་སེམས་འདུན་ལག་ལེན་ཏུ་བསྟར་ཞིང་སྤོབས་པ་ཆེན་པོས་འགན་འཁྲི་དང་དུ་བླངས་ཏེ་ཕྱོགས་སོ་སོའི་ལས་དོན་ལ་གྲུབ་འབྲས་གསར་བ་དང་གོང་འཕེལ་གསར་བ་བླངས། 2024ལོར་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭ(སློབ་གླིང)མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་བར་བྱང་ཆུད་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ་དེས་ཏང་གི་སློབ་གྲྭའི་ལས་དོན་ལ་བླང་བྱ་གསར་བ་འདོན་དགོས་ལ། ཏང་གི་ཆེད་དུ་མི་སྣ་སྐྱེད་སྲིང་དང་ཏང་གི་ཆེད་དུ་སྲིད་ཇུས་འབུལ་བའི་ལས་དོན་སོ་སོ་ནན་ཏན་གྱིས་བསྒྲུབ་དགོས་ཞེས་བསྟན། 

     ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་སློབ་གྲྭས(སློབ་གླིང)དུས་རབས་གསར་བའི་ཏང་གི་སློབ་གྲྭའི་གནས་བབ་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བར་ཡང་དག་ངང་བྱང་ཆུད་པར་བྱེད་པ་དང་། ཏང་གི་སློབ་གྲྭའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གཏིང་ཟང་ཡོད་པ། གཞི་རྩའི་གསོ་སྦྱོང་གི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས་འགན་འཁྲིའི་འདུ་ཤེས་དང་བྲེལ་འཚུབ་ཀྱི་འདུ་ཤེས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས། གཞི་རྩའི་གསོ་སྦྱོང་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་གསོ་སྦྱོང་བྱ་ཡུལ་སློབ་མ་ཡོངས་ལ་ཁེབས་སུ་འཇུག་པ། གསོ་སྦྱོང་གི་ནང་དོན་འཐུས་ཚང་དུ་གཏོང་པ།  བྱེད་ཐབས་གསར་གཏོད་བྱེད་པ། སློབ་གྲྭའི་ལམ་ལུགས་ཚད་ལྡན་དུ་གཏོང་པ། གསོ་སྦྱོང་གི་དུས་ཡུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། སློབ་གསོའི་གསོ་སྦྱོང་ལས་དོན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་སུ་གཏོང་པ། སྤུད་ཚད་མཐོ་བའི་སློབ་གསོ་གསོ་སྦྱོང་གིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་པ། ཞིབ་འཇུག་གི་ཆུ་ཚད་ཇེ་མཐོར་གཏོང་པ། འཇོན་ལྡན་པའི་དཔུང་སྡེའི་སྟོབས་ཤུགས་ཇེ་ཆེར་གཏོང་པ། རྫོང་རིམ་པའི་ཏང་གི་སློབ་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ། ཏང་གི་སློབ་གྲྭ་མ་ལག་གི་སློབ་གྲྭ་སྒྲུབ་པའི་སྤྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གཟབ་ནན་ངང་སློབ་གྲྭ་བསྒྲུབ་པར་དམ་འཛིན་བྱེད་པ་དང་སློབ་སྦྱོང་གི་སྤྱོད་ཚུལ་དང་བབས་ཆགས་ཀྱི་སྤྱོད་ཚུལ། གཙང་གསལ་གྱི་སྤྱོད་ཚུལ་དར་སྤེལ་ཆེན་པོ་བྱས་ནས་ཏང་གི་སློབ་གྲྭའི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་ཐོན་པར་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཏང་གི་སློབ་གྲྭའི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།  ། 

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།