ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུ(2023ལོ)》ལ་ཆེད་མཁས་པས་ཞིབ་དཔྱད་བྱས་ཏེ་ཆོག་མཆན་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ཞིབ་དཔྱད་ཚོགས་འདུ་འཚོགས་པ་དང་།《མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་སྙན་ཞུ(2023ལོའི་ལོ་རྒྱུས)》ལ་ཚོགས་འདུའི་སྟེང་ཞུགས་པའི་ཆེད་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཐབས་གཏན་འབེབས་བྱེད་པར་སྔར་ལས་ཚན་རིག་དང་མཐུན་པའི་གྲངས་གཞི་མཁོ་འདོན་དང་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།

ཞིབ་དཔྱད་ཚོགས་འདུའི་སྟེང་མཚོ་སྔོན་དགེ་འོས་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། སྐྱེ་ཁམས་ཁོར་ཡུག་པུའུ་འབྲི་ཆུ་བཞུར་ཁུལ་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ཅུའུ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཚན་རིག་ཞིབ་འཇུག་ལྟེ་གནས་སོགས་ཚན་ཞིབ་སློབ་གླིང་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་ལས་གྲུབ་པའི་ཆེད་མཁས་ཚན་ཆུང་གིས་ཞིབ་ཅིང་ཕྲ་བའི་ངང་ཟིན་བྲིས་དང་སྙན་ཞུ་ལ་ཉན་པའི་རྨང་གཞིའི་སྟེང་ཞིབ་བཤེར་ནན་ཏན་དང་འདྲི་རྩད་གྲོས་བསྡུར་བྱས་པ་བརྒྱུད། 《ལྟ་ཞིབ་ཚད་ལེན་སྙན་ཞུའི》ནང་དོན་ཆ་ཚང་བ་དང་ཚན་རིག་དང་མཐུན་པ། གྲངས་གཞི་ཞིབ་ཅིང་བདེན་པ། གྲུབ་འབྲས་བློས་འཁེལ་བ་བཅས་ཡོན་པ་དང་། བཏོན་པའི་གྲོས་འགོ་དང་བྱ་ཐབས་ལ་དམིགས་སའི་རང་བཞིན་ཆེན་པོ་ལྡན་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རོགས་སྐྱོར་ཐོབ་ནས། ཕན་འབྲས་ཡོད་པའི་སྒོ་ནས་རྒྱལ་ཁབ་རིམ་པའི་སྐྱེ་དངོས་སྲུང་སྐྱོང་གི་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་མཐུན་རྐྱེན་བསྐྲུན་པ་དང་སྙན་ཞུར་ཆོག་མཆན་ཐོབ།

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་གནས་སྟངས། ཁྱབ་ཚུལ་སོགས་ཀྱི་ཆ་འཕྲིན་ཁོང་དུ་ཆུད་པར་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ནུས་པ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་དོན་ཞིག་རེད། 2007ལོ་ནས་བཟུང་ལོ16བརྒྱུད་རྗེས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ“གཏན་འཇགས་བཞི་དང་གཅིག་གྱུར་གསུམ”ཀྱི་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ཆགས་ཡོད་ལ། ལོ་མང་པོའི་རིང་ཚད་ལྡན་ཅན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་མཚོ་སྔོན་པོའི་འདམ་རའི་ལྟ་ཞིབ་ཚད་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ལོ་འཁོར་གྱི་ཕྱོགས་བསྡུས་བརྟག་དཔྱད་ལས་དོན་མཉམ་ལས་ཀྱི་གོ་སྐབས་དང་བསྟུན་ནས་ཚན་ཞིབ་ཀྱི་མཉམ་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྱབ་ཚུལ་དང་འཚོ་གནས་ཁུལ་གྱི་གནས་སྟངས་ཁོང་དུ་ཆུད་པ་བྱས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།