ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི་སྐབས་དང་པོའི“ཁུ་ནུ་འཆད་ཁྲིད་ཆེན་མོ”མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི(ཞིང་ཆེན་སྲིད་འཛིན་སློབ་གླིང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང)གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་སྒྲུབ་འགན་འཁུར་བའི2024ལོའི་སྐབས་དང་པོའི“ཁུ་ནུ་འཆད་ཁྲིད་ཆེན་མོ”དྲ་ཐོག་ནས་འཆད་ཁྲིད་བྱེད་མགོ་ཚུགས་པ་རེད། ཀྲུང་གོ་འཕེལ་རྒྱས་དང་སྒྱུར་བཅོས་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པའམ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཆེད་ཞུ་དཔྱད་གཏམ་པ་དབྱང་ཡུས་ཀྱིས་ཁ་བྱང་ལ《2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གསལ་འགྲེལ》ཞེས་པའི་ཆེད་དོན་འཆད་ཁྲིད་བྱས།

འཆད་ཁྲིད་ནང་དབྱང་ཡུས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་པའི་བྱེད་སྒོའི་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《སྲིད་གཞུང་བྱ་བའི་སྙན་ཞུ》དང་འཐུས་མི་དང་ཨུ་ཡོན་གྱི་གྲོས་གཞི་གལ་ཆེན་སོགས་ཀྱི་ནང་དོན་ལ་ཁ་ཕྱོགས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དང་དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བྱ་བའི་ལས་འགན་ལ་དབྱེ་ཞིབ་དང་གསལ་འགྲེལ་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར“བརྟན་བརླིང་ཁྲོད་ནས་ཡར་བརྩོན་བྱེད་པ་དང་། ཡར་བརྩོན་ཁྲོད་ནས་བརྟན་བརླིང་ཡིན་དགོས་པ། སྔོན་འཛུགས་རྗེས་གཏོད”སོགས་ཀྱི་སྲིད་ཇུས་ཀྱི་སྟོན་ཕྱོགས་ཤེས་རྟོགས་གང་ལེགས་བྱས་ནས“གསར་པའི”ཕྱོགས་སུ་སྐྱོད་པ་དང་། “སྤུས་ཚད”ལ་བརྟེན་ནས“རྒྱལ་ཁ་བརྩོན་ལེན་བྱེད་པ་སོགས་མཁར་གྲོང་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་གསར་བ་སྐྲུན་པ་བརྒྱུད། སྔར་ལས་ལྷག་པར་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་འཇོག་དགོས་པ་དང་། འཆད་ཁྲིད་ལ་རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་གདེང་འཇོག་ཆེན་པོ་ཐོབ་པ་དང་། ཚང་མས་རྗེས་ཕྱོགས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་དང་། ཞིང་ཆེན་གྱི་གལ་ཆེན། དམངས་ཀྱི་དོ་ཁུར་བཅས་ལ་དམིགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་པའི་ལམ་བུའི་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་རྒྱུན་ཆད་མེད་པར་རྩོམ་དགོས་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།  

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་གྱི་དོ་དམ་བྱེད་པའི་ཁེ་ལས་ཀྱི་ལས་བྱེད་པ་བཅས་བསྡོམས་པས་མི1500ལྷག་འཆད་ཁྲིད་ལ་ཉན་པ་རེད། །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།