ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞོན་ནུས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་བྱེད་པའི་བརྗོད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་ཁུངས་ཀྱི་གཞོན་ནུ་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་རྒྱུར་ཁྲིད་སྟོན་བྱས་ནས་རིག་གནས་ཀྱི་འགན་འཁྲི་གསར་པ་དང་དུ་ལེན་ཕོད་པའི་སེམས་ཤུགས་ཆེ་རུ་གཏོང་ཆེད། ཟླ3པའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞོན་ནུས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་བྱེད་པའི་བརྗོད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སིའི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ལི་ཀྲུའུ་རུའེ་ཡིས་ཁ་བྱང་ལ《ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ》ཞེས་པའི་བརྗོད་དོན་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་གི་གུང་གཞོན་ཚོགས་པ་རྩ་འཛུགས་སོ་སོའི་འགན་འཁུར་བ་དང་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་རྐང་འཛིན་པ་སོགས་བསྡོམས་པས་མི260ལྷག་ཞུགས་ཡོད།

དགེ་རྒན་ཆེན་མོ་ལི་ཀྲུའུ་རུའེ་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་གསུམ་ཐད་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་འགྲེལ་བཤད་བྱས་པ་དང་། རིགས་པའི་གཞུང་ལུགས་ནས་ལག་ལེན་སོགས་མི་འདྲ་བའི་ཐད་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་འཆད་འགྲེལ་གཏིང་ཟབ་གནང་བ་རེད། ཚོགས་ཞུགས་གཞོན་ནུ་ཚོས་ཐེངས་འདིའི་བརྗོད་དོན་སྙན་ཞུའི་ཚོགས་འདུ་ཡིས་གཞོན་ནུ་ལས་བྱེད་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གོ་བ་གཏིང་ཟབ་མོ་ལེན་པའི་གཞི་རྩའི་ལྟ་བ་དང་ཚན་རིག་མ་ལག་ལ་མཛུབ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པ་དང་། ཚང་མར་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་བདེན་དོན་གྱི་འོད་སྟོང་དང་ལག་ལེན་གྱི་བརྗིད་ཆེའི་སྟོབས་ཤུགས་སྔར་ལས་འཚོལ་ཞིབ་བྱེད་རོགས་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། རིག་གནས་ཀྱི་འགན་འཁྲི་དང་དུ་ལེན་པ་བཅས་ལ་མཐུན་རྐྱེན་བསྐྲུན་ཡོད་ཟེར།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི(མཚོ་སྔོན)རྩ་འཛུགས་དང་། སྡེ་ཁག་སོ་སོའི་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་། གུང་གཞོན་ཚོགས་པ་སོ་སོའི་འཛུགས་སྐྱོང་འབྲེལ་གཏུག་ཚོགས་ཆུང་བཅས་ཀྱིས་ཐེངས་འདིའི་བརྗོད་དོན་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། ཐུན་མོང་གི་སློབ་སྦྱོང་བགྲོ་གླེང་དང་སྡེ་ཁག་བརྒལ་ནས་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་གཞོན་ནུའི་སློབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། རྒྱ་ཆེའི་གཞོན་ནུ་ཚོར་མྱོང་ཚོར་ཟབ་མོའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་མྱོང་ཚོར་ཐུབ་པ་བྱས་ནས་ཏང་གི་གསར་གཏོད་དང་རྒྱ་ཆེའི་གཞོན་ནུ་ཚོར“ཐུན་མོང་གི་བསམ་བློའི”ངོས་འཛིན་ཆགས་པར་སྐུལ་འདེད་བྱ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།