ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པའི་རྐང་གཉེར་མགོ་གཙོ་ཝང་ཐུང་ཀྲོའུ་ཡུས་དང་བཞུགས་མོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅིའམ་རྐང་གཉེར་མགོ་གཙོ་ཝང་ཐུང་ཀྲོའུ་ཡུས་དང་མཉམ་དུ་ཟི་ལིང་ནས་བཞུགས་མོལ་བྱས། 

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་ཐུང་ཡུས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་ཞིང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་བཞག་པ་དང་ལྷག་པར་དུ་ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ6.2བྱུང་རྗེས་གནོད་འགོག་རོགས་སྐྱོབ་དང་གནོད་རྗེས་བསྐྱར་སྐྲུན་ཁྲོད་འགན་སྲུང་ནུས་ལྡན་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་སྟེ་ཐེངས་གཉིས་ལ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་མྱོང་པ་དང་། རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ལ་ཞུགས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་འཆར་འགོད་ཆེན་པོ་བཟོས། མིག་སྔའི་དུས་སུ། མཚོ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་སུ་ཤུགས་ཀྱིས་སྐྱོད་བཞིན་ཡོད་ལ་ལོ་རྒྱུས་སྟེང་གི་འཕེལ་རྒྱས་དུས་སྐབས་ཆེས་བཟང་དུས་བསུས་བྱུང་། ཀྲུང་གོ་འགྲིལ་འགྲུལ་འཛུགས་སྐྲུན་ཚོགས་པས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གལ་ཆེན་མཁོ་འདོན་བྱས་ཡོད་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་དང་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ལས་གཞི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་དུས་ཡུན་རིང་པོའི་མཉམ་ལས་ཀྱི་རྨང་གཞིའི་སྟེང་མཉམ་ལས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་པ་དང་མཉམ་ལས་འབྲས་བུ་གཏིང་ཇེ་ཟབ་ཏུ་བཏང་སྟེ་གཉིས་ཕན་མཉལ་རྒྱལ་མངོན་འགྱུར་ཡོང་བར་རེ་བ་བཅངས་ཡོད་ཅེས་བསྟན།

ཝང་ཐུང་ཀྲོའུ་ཡུས་ཀྱིས་མཚོ་སྔོན་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པར་ཡིད་ཆེས་དང་རྒྱབ་སྐྱོབ་བྱས་པར་བཀའ་དྲིན་ཞུས་ཏེ། ཁོང་གིས་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པས་མཚོ་སྔོན་ནས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་ཏུ་བཏང་ཡོད་ལ།ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཀྲུང་དབྱང་ཁེ་ལས་སྐོར་གྱི་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་དགེ་མཚན་འདོན་སྤེལ་དང་ལས་འགན་ལེགས་འགྲུབ། རང་འགུལ་ངང་བྱས་རྗེས་བཞག་ནས་ཕྱོགས་གཉིས་ཀྱིས་འགྲིམ་འགྲུལ་དང་ཆུ་བེད། ནུས་ཁུངས་གསར་བ། གནོད་རྗེས་བསྐྱར་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རོགས་བྱ་རྒྱུ་ཡིན་ཞེས་བསྟན།

 ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུང་བཞུགས་མོལ་ལ་ཞུགས།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།