ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་པར་ལེན་འགྲེམ་སྟོན"དེ་རིང་གི་ཀྲུང་གོ"ཞེས་པའི་སྒྱུ་རྩལ་གཟའ་འཁོར་སྟེང་ངོམ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་དང་ཀུན་བཟང་སྒྲོལ་མ་གཉིས་ཀྱིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2024ལོའི"དེ་རིང་གི་ཀྲུང་གོ"ཞེས་པའི་སྒྱུ་རྩལ་གཟའ་འཁོར་དེ་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་དང་ཧྲེང་པའོ་ལུའོ་རུ་མུ་འབྲེལ་བྱེད་སྒོ་རྒྱལ་ཁའི་ངང་སྤེལ་རྗེས།  ཟླ3པའི་ཚེས24ཉིན་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཏ་རུ་ཡང་བསྐྱར་སྤེལ་མགོ་བརྩམས་བྱུང་།   "དེ་རིང་གི་ཀྲུང་གོ"ཞེས་པ་དེ་རིག་གནས་གཟའ་འཁོར་གྱི་མུ་འབྲེལ་བྱེད་སྒོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས་ཀྲུང་གོའི་མཚོ་སྔོན་སྐྱེ་ཁམས་པར་ལེན་འགྲེམ་སྟོན་སྔ་གཞུག་ཏུ་བྱེད་སྒོའི་ཐོག་འགྲེམ་སྟོན་བྱས་ཏེ་དོན་དངོས་དང་རང་བྱུང་། བརྗིད་ཆགས་མཛེས་སྡུག་གི་རབ་མཛེས་མཚོ་སྔོན་ངོམ། 

"དེ་རིང་གི་ཀྲུང་གོ"ཞེས་པའི་སྒྱུ་རྩལ་གཟའ་འཁོར་ནི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས2024ལོར་ཕྱི་རྒྱལ་དུ་སྤེལ་ཏེ་ཀྲུང་གོའི་དེང་རབས་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོམ་པའི་བྱེད་སྒོ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་ཕྱི་རྒྱལ་གྱི་ལྟད་མོ་བས་ཀྲུང་གོའི་རིག་གནས་སྒྱུ་རྩལ་ཐད་བཅངས་པའི་ངོས་ཤེས་ཇེ་ཟབ་ཏུ་གཏོང་ཆེད་རེད། ད་ལོའི་སྒྱུ་རྩལ་གཟའ་འཁོར་དེ་པར་ཙིར་དང་ཁོ་ལོམ་པི་ཡ་རུ་སྤེལ། ཀྲུང་གོའི་མཚོ་སྔོན་སྐྱེ་ཁམས་པར་ལེན་འགྲེམ་སྟོན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་བྱེད་པའི་དེང་རབས་ཅན་གྱི་བརྗོད་དོན་ལ་དམ་པོར་དམིགས་ཡོད་དེ། དེ་དག་ནི་རི་སྔོ་ཆུ་དྭངས་དང་། འཆམ་མཐུན་མཉམ་གནས། རྩི་ཤིང་དང་མི་དམངས་བཅས་ལེའུ་གསུམ་རེད། དེ་དག་གིས་མཚོ་སྔོན་གྱི་ཐུན་མིན་ཁྱད་འཕགས་ཀྱི་སྐྱེ་ཁམས་རིན་ཐང་དང་སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་དངོས། མཚོ་སྔོན་མི་དམངས་ཀྱིས་ ཁོར་ཡུག་གི་སྤུས་ཀ་རྒྱུན་མཐུད་ངང་ཇེ་ལེགས་ཇེ་བཟང་དུ་བཏང་སྟེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དག་མངོན་ཡོད། ཐེངས་འདིའི་པར་ལེན་འགྲེམ་སྟོན་ཟླ4པའི་ཚེས20ཉིན་བར་རྒྱུན་མཐུད་རྒྱུ་རེད། 

པར་ལེན་འགྲེམ་སྟོན་ཐོག་མཚོ་སྔོན་གྱི་ས་མཐོའི་རི་སྒང་གི་ས་ཁམས་ཁོར་ཡུག་དང་སྣ་མང་ཕུན་སུམ་ཚོགས་པའི་མི་རིག་རིག་གནས། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་ཕུགས་འདུན་བཅས་ཀྱིས་ལྟད་མོ་བ་མང་པོའི་མིག་དབང་བཀུག བརྩམས་ཆོས་ཁྲོད་གསའ་དང་གཙོད། སྦྲེ་སོགས་རི་དྭགས་རྩ་ཆེན་གྱི་སྙིང་རྗེ་བའི་བཟོ་ལྟ་ངོམ་ཡོད་ལ། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ས་ཁུལ་གཙོ་བོ་དང་འཆང་ཀྲུང་ལམ་རྒྱུད་དུ་འདུས་པའི་མི་རབས་དྲུག་གི་མི་རིགས་ཀྱི་གནའ་བོའི་ཕུན་སུམ་ཚོགས་པའི་དམངས་སྲོལ་ལ་ལྟད་མོ་བའི་ཡིད་དབང་དང་མིག་དབང་ཅིག་ཅར་དུ་འཕྲོག་ཡོད།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།