ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་སྒྲུབ་པའི་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་འཚོག་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་སྒྲུབ་པའི་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་འཚོག་མགོ་བརྩམས། ཚོགས་ཆེན་གྱིས་ཏན་ཏིག་གིས་མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་སྒྲུབ་པའི་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་རིང་གི་བྱ་བ་དང་། ད་ལོའི་རྗེས་ཕྱོགས་ཀྱི་ལོ་ལྔའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི་ཝུའུ་ཅིན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

གྲོས་ཚོགས་ལས། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། ལས་འགན་ཕྲག་ཏུ་བླངས་ཏེ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཁྱོན་ལ་ཞབས་འདེགས་ཞུ་བ་དང་། ཏང་གི་གཞུང་ལུགས་གསར་བ་དྲིལ་སྒྲོག་ཐད་སྟོབས་ཤུགས་གཅིག་སྒྲིལ་གྱིས། སྐྱེ་ཁམས་སྲུང་སྐྱོང་ཐད་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཐད་དྲིལ་སྒྲོག་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཐད་སྟོབས་ཤུགས་གཅིག་སྒྲིལ། སྤྱོད་སྟངས་བསྒྱུར་བའི་ཐད་སྟོབས་ཤུགས་གཅིག་སྒྲིལ། མཚོ་སྔོན་རིག་གནས་དྲིལ་སྒྲོག་ཐད་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། བདེན་འཚོལ་གསར་གཏོད་རྒྱུན་འཁྱོངས་དང་། གཞི་རིམ་དུ་བསྐྱོད་པ། གསར་འགྱུར་དྲིལ་སྒྲོག་གི་དྲིལ་སྒྲོག་ནུས་ཤུགས་དང་ཤན་ཤུགས་མཐོ་རུ་བཏང་སྟེ། སྟོབས་ཤུགས་གཙོ་འདོན་དམག་དཔུང་སྐུལ་འདེད་བཏང་ནས། གསར་འགྱུར་དྲིལ་སྒྲོག་འཆར་འགོད་ལ་ཤུགས་བསྣན་ཏེ། མངོན་མཚོན་རྣམ་པ་གསར་གཏོད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་སྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པའི”བླང་བྱ་ལྟར། མཚོ་སྔོན་ལ་རྒྱུས་མངའ་ཡོད་པའི་ཡིད་ཆེས་དང་། མཚོ་སྔོན་ལ་དགའ་བའི་བརྩེ་སེམས། མཚོ་སྔོན་དྲིལ་སྒྲོག་ལེགས་པོ་བྱེད་པའི་ཆོད་སེམས་ཀྱིས། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། མཚོ་སྔོན་དྲིལ་སྒྲོག་ལེགས་པོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན། 

ཚོགས་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་སྒྲུབ་པའི་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། 《མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་སྒྲུབ་པའི་མཐུན་ཚོགས་ཀྱི་སྒྲིག་སྲོལ》བཟོ་བཅོས་བྱས་ཤིང་། སྐབས་གསར་བའི་ལས་འཛིན་ལྷན་ཚོགས་དང་མགོ་ཁྲིད་བདམས་ཐོན་བྱུང་། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།