ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ས་ཆ12དེ2024ལོའི་རྒྱལ་ཡོངས་ཀྱི“དུས་བཞི་སྡེ་བའི་དགོང་ཚོགས”དཔེ་སྟོན་འགྲེམ་སྟོན་བྱ་ཡུལ་དུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའི་གཞུང་དོན་ཐིང་གིས་ཉེ་ཆར2024ལོའི“དུས་བཞིའི་སྡེ་བའི་དགོང་ཚོགས”ཚོགས་ར་གཙོ་བོ་དང་དཔེ་སྟོན་འགྲེམ་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་གྱི་ས་གནས་དེའི་གྲས་སུ12བདམས་ཡོད་པ་རེད།

“དུས་བཞི་སྡེ་བའི་དགོང་ཚོགས”ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱིས“སྡེ་བའི་དགོང་ཚོགས”སྤེལ་བར་སྐུལ་འདེད་བྱེད་པ་དང་ཁྲིད་སྟོན་བྱས་ཏེ། ཞིང་པ་གཙོར་བྱེད་པར་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ཁུངས་གཅིག་ཏུ་བསྡུ་བ། “སྡེ་བའི་དགོང་ཚོགས”སྤུས་རྟགས་རྒྱུན་མཐུད་ངང་གསལ་འབྱེད་བྱེད་པ། “སྡེ་བའི་དགོང་ཚོགས”ལམ་ལུགས་ཅན་དང་རྒྱུན་ལྡན་ཅན། སྤུས་རྟགས་ཅན་བཅས་སུ་འགྱུར་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བྱེད་པ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་བྱེད་པ། དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གཏོད་པར་སྐུལ་འདེད་བྱེད་པ། དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གཏོང་བའི་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱ་རྒྱུ་དེ་རེད། ད་ལོའི་ཟླ་གཉིས་པར་ཁྱབ་བསྒྲགས་བྱས་པའི《རིག་གནས་དང་ཡུལ་སྐོར་པུའུ་གཞུང་དོན་ཐིང་གིས2024ལོའི“དུས་བཞིའི་སྡེ་བའི་དགོང་ཚོགས”བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་ཡིག་ཐོག་སྙན་ཞུ་དང་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་། རིག་གནས་དང་ཡུལ་སྐོར་པུས2024ལོའི་དཔྱིད་དུས་ཀྱི“སྡེ་བའི་དགོང་ཚོགས”གཙོ་བོ་ཁྲེན་ཆིང་གྲོང་ཁྱེར་ཁྲེང་ཧྲུག་ཆུས་དང་དབྱར་དུས་ཀྱི“སྡེ་བའི་དགོང་ཚོགས”བྱེད་སྒོ་སྤེལ་ཡུལ་ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སུའུ་གྲོང་ཁྱེར། སྟོན་དུས་ཀྱི“སྡེ་བའི་དགོང་ཚོགས”ཀྱི་ཚོགས་ར་གཙོ་བོ་ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་དང་། དགུན་དུས་ཀྱི“སྡེ་བའི་དགོང་ཚོགས”ཀྱི་ཚོགས་ར་གཙོ་བོ་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་བཅས་སུ་གཏན་ཁེལ་བྱས་པ་མ་ཟད། 2024ལོའི་རྒྱལ་ཡོངས་ཀྱི“དུས་བཞིའི་དགོང་ཚོགས”ཞེས་པའི་དཔེ་སྟོན་ས་ཚིགས300ལྷག་གཏན་འཁེལ་བྱས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧུང་ཀྲུང་ཆུས་ཐན་ཅ་ཀྲའེ་གྲོང་རྡལ་ཐེན་ཅ་ཀྲའེ་སྡེ་བ་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཨར་ཧྲུ་ལི་ཕུའུ་གྲོང་རྡལ་ཧྲི་ཐུ་སྡེ་བ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་ཤིས་ཐང་ཤང་ཏུང་ཧྲན་སྡེ་བ་བཅས2024ལོའི་རྒྱལ་ཡོངས“སྡེ་བའི་དགོང་ཚོགས”དཔྱིད་དུས་ཀྱི་དཔེ་སྟོན་ས་ཚིགས་ཀྱི་མིང་ཐོའི་ནང་ཚུད་པ་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་ཧོང་ཁྲེང་སོག་རིགས་ཤང་ཏུང་ཐན་སྡེ་བ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུ་འབྱུང་ཡུལ་སྡེ་བབཅས2024ལོའི་རྒྱལ་ཡོངས་དབྱར་དུས་ཀྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་ས་ཚིགས་ཀྱི་མིང་ཐོའི་ནང་ཚུད་པ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཏ་པའོ་ཙེ་གྲོང་རྡལ་ཅིན་ཅ་དབན་སྡེ་བ་དང་། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ཞ་ཁེའུ་སྡེ་བ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཀུའོ་ལེ་མུའུ་ཏེ་གྲོང་རྡལ་ཡན་ཆའོ་སྡེ་བ་བཅས2024ལོའི་རྒྱལ་ཡོངས་སྟོན་དུས་ཀྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་ས་ཚིགས་ཀྱི་མིང་ཐོའི་ནང་ཚུད་པ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཏ་པའོ་ཙི་གྲོང་རྡལ་ཐའོ་པེ་སྡེ་གསར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དབྱིན་ཐེན་ཤང་ཏ་ཀོའུ་ནོ་སྡེ་བ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་ཆིན་ཁོག་གྲོང་རྡལ་ཨན་ཏ་ཧ་སྡེ་བ་བཅས2024ལོའི་རྒྱལ་ཡོངས་དགུན་དུས་ཀྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་ས་ཚིགས་ཀྱི་མིང་ཐོའི་ནང་ཚུད་ཡོད་པ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།