ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་ཚད་དང་ལས་ཆོད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་དང་ཀུན་བཟང་སྒྲོལ་མ་གཉིས་ཀྱིས་བསྒྱུར།   སྤེལ་དུས། : 2024-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་སྤྱི་གླིང་དངོས་སུ་འཛུགས་པར་དམ་པོར་དམིགས་ཤིང་། འཛུགས་སྐྲུན་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ནུས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱས་པ་དང་། སྤྱི་གླིང་དངོས་སུ་འཛུགས་པའི་ཡུལ་དངོས་དཔྱད་འཇོག་དང་ཚོད་ལྟའི་ས་གནས་ཀྱི་ལས་ཆོད་མཐོར་འདེགས་སུ་གཏོང་པ། འགལ་བ་དང་གནད་དོན་ཐག་གཅོད་སོགས་ཀྱི་བྱ་བ་གལ་ཆེན་ལེགས་པོར་སྒྲུབ་པའི་རྨང་གཞིའི་སྟེང་། གཏེར་ལས་དབང་ཆ་མེད་པར་བཏང་པ་ལ་ཁ་གསབ་བྱེད་པ་དང་སྐྱེ་ཁམས་དང་མང་ཚོགས་གནས་སྤོར། ཆུ་གློག་ས་ཚིགས་ལེགས་བཅོས་བཅས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། མངོན་མེད་ཉེན་ཁ་ཡོད་ཚད་སེལ་ཏེ་སྤྱི་གླིང་འཛུགས་པའི་ཆ་རྐྱེན་དང་ཚད་གཞི་ཡོངས་རྫོགས་ལོན་ཡོད། 

ཟླ3པའི་ཚེས18ཉིན་གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། ཐོན་ཁུངས་དོ་དམ་སྲུང་སྐྱོང་གི་དྲ་རྒྱ་དང་སྐོར་སྲུང་སྐོར་ཞིབ་ཀྱི་འགན་ཁུར་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་པ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་ཇེ་ཆེར་གཏོང་ཆེད། མདོ་ལ་རོ་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཞིང་ཆེན་དོ་དམ་སྲུང་སྐྱོང་ཅུའུ་ཡིས་སྲུང་སྐར་ཚོར་ཤེས་ཀྱི་ལྟ་ཞིབ་ཚད་ལེན་དང་། གཞི་གྲངས་ཆེན་མོའི་ལྟེ་གནས། དམར་ཕྱིའི་པར་ཆས་བཅས་ཀྱི་བརྟག་ཞིབ་སོགས་སྔོན་ཐོན་ལག་རྩལ་དང་བྱེད་ཐབས་ལ་བརྟེན་ནས་ཐོན་ཁུངས་ཀྱི་ལྟ་ཞིབ་དོ་དམ་གྱི་ལས་ཕྱོད་མཐོར་འདེགས་སུ་བཏང་། ཀན་སུའུ་དང་མཚོ་སྔོན་གཉིས་ཀྱིས་རྒྱུན་རྣམ་ངང་མཉམ་འབྲེལ་སྐོར་ཞིབ་དང་ཁྲིམས་འཛིན་བྱེད་པ་དང་། ཁུལ་དང་རྫོང་གིས་རྒྱུན་རྣམ་ངང་མཉམ་འབྲེལ་སྐོར་ཞིབ་བྱེད་པ། སྡེ་ཁག་མང་པོས་རྒྱུན་རྣམ་ངང་མཉམ་འབྲེལ་ཁྲིམས་འཛིན་བྱེད་པ། གནད་དོན་འབུར་ཐོན་ཅན་ལ་དུས་ཐོག་དུ་ལྟ་ཞིབ་དང་དུས་ཐོག་ཏུ་བཅོས་སྒྱུར་བྱས། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སླར་གསོའི་བྱེད་ཐབས་པར་རིས་ཤིག་མགྱོགས་མྱུར་ངང་བསྐྲུན་ཏེ། མདོ་ལ་རི་བོའི་ཆུ་ནག་སྐྱེ་ཁམས་སྲུང་སྐྱོང་དང་རྩྭ་ཐང་སྐྱེ་ཁམས་སླར་གསོ། བྱེ་འགྱུར་ས་གཞི་བདག་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་པར་རྩ་འཛུགས་བྱས་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར། གསའ་སོགས་རི་དྭགས་རྩ་ཆེན་གྱི་ལྟ་ཞིབ་ཚད་ལེན་བྱ་བ་ལེགས་པོར་བསྒྲུབས་ཤིང་རི་དྭགས་ཆུང་གྲས་ཀྱི་རིགས་ལ་ཆེད་དོན་བརྟག་ཞིབ་བྱས།

དུས་མཚུངས་སུ། 《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་སྤྱིའི་འཆར་འགོད》བཟོས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་སྡེ་ཁུལ་འཕེལ་རྒྱས་ཀྱི་གསར་གཏོད་མནའ་འབྲེལ་འཛུགས་པར་སྐུལ་འདེད་བཏང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཞིབ་རྩིས་སྟེགས་བུ་དང་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་སྟེགས་བུའི་ལག་རྩལ་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་། རིག་གནས་གསར་གཏོད་ཐོན་རྫས་ཀྱི་མིང་བྱང་དབང་ཆ་སྤྲོད་པ་དང་སྡེ་ཁུལ་འཛུགས་སྐྲུན་སོགས་དམིགས་བསལ་གཉེར་སྐྱོང་གི་ཚོད་ལྟའི་འཚོལ་ཞིབ་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་མ་དཔེ་ཧུར་ཐག་གིས་བསྐྲུན།  །  

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།