ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་འཐུས་མིའི་གླེང་སྟེགས་ཀྱི་བྱེད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དུས་ཡུན་དང་པོའི་ནང་གཞི་རིམ་དུ་བརྒྱུད་སྒྲོག་བྱ་ཆེད།  ཟླ3པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་མདུན་སྐྱོད་དང་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ”ཞེས་པ་བརྗོད་དོན་བྱས་པའི་དམངས་ཆེན་འཐུས་མིའི་གླེང་སྟེགས་ཞེས་པའི་བྱེད་སྒོ་སྤེལ་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཝང་ལི་མིང་དང་ཆའོ་ཡ་ཆུན། ཞུས་ཆིང་མིན། ཝང་གོ་ཏུང་། མ་ཧྲེ་ཀུང་བཅས་གདན་དྲངས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།  ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བློ་མཐུན་འགན་འཁུར་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་སོ་སོར་གསལ་འགྲེལ་བྱས། 

བྱེད་སྒོ་དེ་ཚན་པ་གཉིས་སུ་ཕྱེ་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རང་སྐྱོང་རྫོང་དུ་སྤེལ། ཞིང་ཆེན་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུ་ལྟེ་གནས་དང་ཆ་འཕྲིན་དོ་དམ་ལྟེ་གནས་ལ་ལྟ་སྐོར་བྱས་རྗེས་ཞིང་ཆེན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ1མངགས་ནས“གྱོད་གཞིགས་ཁྲིམས་འགྲེལ”གྱི་སྒྲོག་འགྲེལ་ལས་དོན་སྤེལ།  ཞོན་ཧྭ་རྫོང་དུ་པའེ་ཀྲོང་གྲོང་རྡལ་སུའུ་ཧུའུ་ས་སྡེ་བའི་གནོད་རྗེས་བསྐྱར་སྐྲུན་དང་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས།  མཚོ་སྔོན་ཞིང་ཆེན་དང་མཚོ་ཤར་གྲོང་ཁྱེར། ཞོན་ཧྭ་རྫོང་། པའེ་ཀྲོང་གྲོང་རྡལ་བཅས་ཀྱི་རིམ་པ་བཞིའི་དམངས་ཆེན་འཐུས་མིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་པར་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།  

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཚབ་ལས་དོན་ཨུ་ལྷན་གྱི་འགན་འཁུར་བས།  ཐེངས་འདིའི་འཆད་ཁྲིད་ཀྱི་དུས་སྐབས་འོས་ཤིང་མཚམས་ལ་ནང་དོན་ཕུན་སུམ་ཚོགས་ཏེ།  དུས་ཡུན་དང་པོའི་ནང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཏང་གི་ཐབས་ཇུས་བཀོད་སྒྲིག་བརྒྱུད་བསྒྲགས་བྱས་པ་མ་ཟད། འཐུས་མིས་འགན་འཁྲི་སྒྲུབ་པའི་མྱོང་ཚོར་དང་ཉམས་མྱོང་ཐད་ནས་ཀྱང་བསམ་བློ་བརྗེ་རེས་བྱས་ཏེ་དམངས་ཆེན་འཐུས་མིའི་བསམ་པའི་ཉམས་འགྱུར་མངོན་ཡོད་ལ།  ཏང་འཛུགས་སྐྱོང་གི་ལས་དོན་དང་འཐུས་མིའི་ལས་དོན་ཕན་ཚུན་བར་འབྲེལ་འདྲིས་དང་སྦྲེལ་མཐུད་གང་ལེགས་བྱེད་པར་ཡར་སྐུལ་བཏང་ཡོད། དེང་ཕྱིན་ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས་དམངས་ཆེན་འཐུས་མིའི་གླེང་སྟེགས་དེ་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་ལག་ལེན་གྱི་སྟེགས་བུ་བཟང་བོ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བརྗོད།

བྱེད་སྒོའི་ཁྲོད་དམངས་ཆེན་འཐུས་མི་དང་ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཁག་གཅིག་ཞོན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཤང་ཀོང་ཧུང་སྡེ་བར་སོང་སྟེ་ཡུལ་དངོས་ནས་ལྟ་སྦྱོང་བྱས། །


 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།