ཀྲུང་གོ་བོད་ཀྱི་དྲ་བ།

2024ལོར་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གླིང་གི་ནུས་རྩལ་འགྲན་བསྡུར་ན་གོར་མོ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ནས་ཚེས12ཉིན་བར2024ལོར་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གླིང་གི་ནུས་རྩལ་འགྲན་བསྡུར་ན་གོར་མོ་འགྲན་ཁུལ་གྱི་ནུས་རྩལ་འགྲན་བསྡུར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་རུ་སྤེལ་བ་རེད།

ཐེངས་འདིའི་འགྲན་བསྡུར་ནང་འབྲིང་རིམ་ལས་རིགས་ལག་རྩལ་ཚོགས་ཆུང་གི“རྫས་འགྱུར་བཟོ་ལས་ཐོན་སྐྱེད་ལག་རྩལ”དང་། “རླངས་འཁོར་ཞིག་གསོ་དང་མཛེས་བཟོ”བཅས་འགྲན་བསྡུར་རྣམ་གྲངས་གཉིས་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་ཏ་ཐུང་ལས་རིགས་ལག་རྩལ་སློབ་གྲྭ་དང་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་འབྲིང་རིམ་ལས་རིགས་སློབ་གྲྭ15ཡི་ཕུལ་བྱུང་ནུས་རྩལ་པ72འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་བརྩོན་ལེན་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ནུས་རྩལ་འགྲན་བསྡུར་ནང་ལས་རིགས་སློབ་གསོའི་བཅོས་སྒྱུར་གྱི་གྲུབ་འབྲས་དང་དགེ་སློབ་ཀྱི་བསམ་པའི་རྣམ་པ་བཟང་པོ་མངོན་པར་བྱས་པ་དང་དུས་མཚུངས་སུ། ལས་རིགས་སློབ་གླིང་སོ་སོས་མཉམ་ལས་ཁེ་ལས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། འགྲན་བསྡུར་ལ་བརྟེན་ནས་སློབ་ཁྲིད་ལ་སྐུལ་འདེད་གཏོང་བཏང་ཞིང་། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་མཁྲེགས་ཆས་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ལས་གནས་དང་སློབ་ཚན། ལག་ཁྱེར། འགྲན་བསྡུར་བཅས་མཉམ་འདྲེས་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། སློབ་གསོ་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སློབ་གྲྭའི་སློབ་ཁྲིད་ཆུ་ཚད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།